༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༢༩ ནས་ཟླ་ ༦ པའི་ཚེས་ ༦ བར་ཉི་འོང་རྒྱལ་ས་ཊོཀ་ཡོ་ (Tokyo) རུ་གཞུང་འབྲེལ་ལས་དོན་སླད་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༨ ཉིན་ལྡི་ལི་ནས་ཉི་འོང་རྒྱལ་ས་ཊོཀ་ཡོར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༦ པའི་ཚེས་ ༥ བར་ས་གནས་སུ་མཛད་འཆར། ཕྱི་ཟླ་ ༦ པའི་ཚེས་ ༦ ཉིན་ཉི་འོང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།