དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་གར་མངའ་སྡེ་ཧི་མ་ཅཱལ་དུ་རྟེན་གཞི་བྱས་པའི་བོན་གཞིས་ཌོ་ལན་ཇི་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་དབུ་འབྱེད་མཛད་སྒོར་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་མགྲོན་ཤོག་གནང་འབྱོར་ལྟར་རྒྱ་གར་མངའ་སྡེ་ཧི་མ་ཅཱལ་དུ་རྟེན་གཞི་བྱས་པའི་བོན་གཞིས་ཌོ་ལན་ཇི་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་དབུ་འབྱེད་མཛད་སྒོར་ཕེབས་གནང་ཡོད།
དབུ་འབྱེད་མཛད་སྒོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་ཧི་མྰ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་སྐུ་ཞབས་ཇ་གཌ་ སིང་ ནེ་གི་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཧི་མ་ཅཱལ་མངའ་སྡེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ནོཌ་ སུལ་ཏན་ པུ་རི་མཆོག དེ་བཞིན་སོ་ལན་རྫོང་གི་ཉེ་བའི་རིགས་བདག་ཆེན་མོ་འབུམ་རམས་པ་སྐུ་ཞབས་ར་ཇེཤ་ཝར་ ཅན་དྷལ་མཆོག (Vice Chancellor of Dr YS Parmar University of Horticulture and Forestry Nauni, Solan) སོགས་མཉམ་ཞུགས་གནང་ཡོད་འདུག
མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་རྣམས་ལ་དགོན་པའི་འདུ་ཁང་དང་། བཤད་གྲའི་འཆད་ར། དཔེ་མཛོད་ཁང་བཅས་སུ་གཟིགས་སྐོར་གདན་འདྲེན་ཞུས་རྗེས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་སྨན་སྒྲུབ་ཀྱི་བྱུང་རིམ་དང་ཕན་ཡོན་སྐོར་གསུང་བཤད་གནང་བ་དང་། དེ་ནས་བོན་གཞིས་ནས་སྲོལ་རྒྱུན་གཤེན་གྱི་གར་འཆམ་ཞིག་གཟིགས་འབུལ་གནང་འདུག
དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཛམ་གླིང་གི་གནས་སྟངས་ལ་འགྱུར་བ་ཤུགས་ཆེན་ཐེབས་བཞིན་པའི་སྐབས་སོ་སོའི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་དུས་གཏན་གྱི་གལ་གནད་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་གིས་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གཙོས་སྐུ་མགྲོན་རྣམས་ལ་ཕྱག་རྟགས་བཅས་ཕུལ་གྲུབ་རྗེས། སྐུ་མགྲོན་གཙོ་བོ་ཧི་མ་ཅྰལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་སྐུ་ཞབས་ཇ་གཌ་ སིང་ ནེ་གི་མཆོག་ནས་སྨན་རིའི་སྒྲུན་ཆེན་གྱི་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་བཅས།