དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་དབུ་ཁྲིད་པའི་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་བོད་ཀྱི་གཙང་པོའི་ཐུན་མོང་གི་གལ་གནད་གོ་རྟོག་གོང་མཐོར་གཏོང་ཆེད། རྒྱ་གར་བྱང་ཕྱོགས་དང་། བྱང་ཤར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༤ ཉིན་མུ་མཐུད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་བསྐྱངས་གནང་ཡོད།

སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་གལ་ཆེ་གནད་ཡོད་མི་སྣ་ཁག་རིམ་པ་མཇལ་འཕྲད་གནང་རྗེས། བོད་དང་ས་འབྲེལ་ཡོད་པའི་རྒྱ་གར་བྱང་ཕྱོགས་དང་། བྱང་ཤར་གཉིས་ཀྱི་གྲོས་ཚོགས་གོང་འོག་འཐུས་མི་རྣམས་ལ་བོད་ནས་འབབ་པའི་ཆུ་བོའི་གལ་གནད་དང་འབྲེལ་བའི་ཐུན་མོང་གི་གནད་དོན་ཐོག་གླེང་མོལ་སྤེལ་ཐབས་ཆེད་ཨ་ཤོག་མགྲོན་ཁང་དུ་དགོང་དྲོའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད།

དེ་ཡང་ཉིན་དེར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ངོས་ནས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་ཆུའི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Parbatbhai Savabhai Patel མཆོག་དང་ལྷན་མཇལ་གནང་ནས། རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་འཛུགས་སྐྲུན་བྱས་ཏེ་ཆུའི་གཙོ་བདག་གི་མངོན་འདོད་འཐབ་རྩོད་བཅངས་བཞིན་ཡོད་པ་དེ་གསལ་བཤད་གནང་ཡོད།

དེ་རྗེས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Amee Yajnik མཆོག་དང་། ལྕམ་སྐུ་ Maneka Gandhi མཆོག སྐུ་ཞབས་ Sadguru Riteshwar མཆོག་དང་མཇལ་འཕྲད་གནང་བ་དང་། རྒྱ་གར་ཆ་སྲིང་ཚོགས་པ་ BJP སྤྱི་ཁྱབ་ལས་ཁུངས་སུ་རྒྱལ་ཡོངས་འཕགས་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞུབས Pankaj Goyal མཆོག་དང་ཚོགས་མི་སྐུ་ཞབས་  Krishna Gautam མཆོག རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dr. Chandrasen Jadan མཆོག་གི་སྲས་སྐུ་ཞབས་ Dr. Lalit Mohan Jadan མཆོག གཞན་ཡང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་རྒྱལ་ཡོངས་ BJP Mahila Morcha ཡི་སྤྱི་ཁྱབ་དྲུང་ཆེ་ལྕམ་སྐུ་ Deepti Rawat Bharadwaj མཆོག་དང་ལྷན་ཁྱུག་ཙམ་རིང་མཇལ་འཕྲད་གནང་ཡོད།

གཞན་ཡང་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་བོད་ཀྱི་གཙང་པོའི་གནད་དོན་དང་། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སོགས་ཐུན་མོང་གི་གནད་དོན་ཐོག་གླེང་མོལ་ཆེད་བོད་དང་ས་འབྲེལ་རྒྱ་གར་བྱང་ཕྱོགས་དང་། བྱང་ཤར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་  Sujeet Kumar མཆོག་དང་། ཨ་སམ་མངའ་སྡེ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Birendra Prasad Baishya མཆོག་དང་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rwngwra Narzary མཆོག རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Aneel Prasad Hegde མཆོག ཨ་རུ་ན་ཅྰལ་མངའ་སྡེ་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Tapir Gao མཆོག ཨུ་ཏ་ར་ཁནྡ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Mala Rajya Laxmi མཆོག ཨ་སམ་མངའ་སྡེ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Abdul Khaleque མཆོག་དང་སྐུ་ཞབས་ Shisu Bandhu Dey (OSD to KAAC) མཆོག དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Horem Sing Bey མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri. R.K khrimey) མཆོག  KNIB ཨ་རུ་ན་ཅྰལ་མངའ་སྡེའི་ཚོགས་གཙོ་སྐུ་ཞབས་ Dominic Tadar མཆོག་དང་གཞན་མི་སྣ་ཁག་ཅིག་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད།

གསོལ་ཚིགས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ཨེ་ཤི་ཡར་བོད་ཀྱི་མཐོ་སྒང་དང་བོད་ཀྱི་ཆུའི་གལ་གནད། དམིགས་བསལ་གྱིས་རྒྱ་གར་བྱང་ཕྱོགས་དང་བྱང་ཤར་ཁུལ་གྱི་མངའ་སྡེར་ཇི་ཙམ་གལ་གནད་ཆེན་པོ་ཡིན་པའི་སྐོར་གསུངས་གནང་ཡོད། ལྷན་དུ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Sujeet Kumar མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Tapir Gao མཆོག སྐུ་ཞབས་ Abdul Khaleque མཆོག དེ་བཞིན་འཐུས་མི་སྐུ་ཞབས་ Aneel Prasad Hegde མཆོག་ནས་ཀྱང་བོད་ཀྱི་ཆུ་བོ་རྣམས་རྒྱ་གར་བྱང་ཕྱོགས་དང་བྱང་ཤར་ཁུལ་གྱི་མངའ་སྡེར་གལ་གནད་ཇི་ཙམ་ཡིན་སྐོར་བཀའ་སློབ་གསུང་བཤད་ཀྱང་གནང་ཡོད་པ་བཅས།