༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༥ ནས་ ༡༡ བར་ལྷོ་ཨེ་ཤི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་འཇར་མན་རྒྱལ་ཁབ་ནང་ཤེས་ཡོན་སྐོར་བསྐྱོད་དུ་ཕེབས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar, Member of Rajya Sabha, India) མཆོག་དང་། ཤྲི་ལངྒའི་གྲོས་ཚོགས་འཐུས་མི་པི་ སུ་དྷར་ཤི་ནི་ ཧྥར་ན་ཌོ་པུ་ལེ་ (Dr. P. Sudharshini Fernandopulle, Member of Parliament, Sri Lanka) མཆོག བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ནཱ་གྷི་ནཱ་ ཡཱ་དེབ་ (Mrs. Nagina Yadav, Member of the House of Representative, Nepal) མཆོག མལ་ཌིབ་མང་གཙོ་ཚོགས་པ་དང་། ཨ་ཌུ་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ཨ་ལི་ ནི་ཛར་ (Mr. Ali Nizar, Mayor of Addu City, Maldives Democratic Party) མཆོག འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཚེ་རིང་མཚོ་མོ་ (Mrs. Tshering Tsomo, Member of Parliament, Bhutan) མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷི་རི་ཇེན་དྷར་ སིངྒ་ (Shri Brijender Singh, Member of Parliament, Lok Sabha, India) མཆོག་བཅས་ཕེབས་ཡོད་འདུག
ཕྱི་ཚེས་ ༦ ཉིན་འཇར་མན་གཞུང་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་བྱུས་ཐོག་སློབ་སྟོན་གནང་མཁན་འཇར་མན་གྱི་བསྟི་གནས་ (German Institute for International and Security Affairs (SWP)) ཞེས་པའི་སློབ་དཔོན་རྒན་པ་འབུམ་རམས་པ་ཧ་བྷིལ་ ཁེ་རི་སི་ཊེ་ཡན་ ཝག་ནར་ (Dr. Habil. Christian Wagner) ལགས་ཀྱིས་ “ལྷོ་ཨེ་ཤི་ཡའི་ཐོག་འཇར་མན་རྒྱལ་ཁབ་ཀྱི་བལྟ་ཚུལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། འཇར་མན་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་ཐོག་ཤེས་ཡོན་གོ་རྟོགས་སྤེལ་མཁན་ (FNF for Freedom) ཞེས་པའི་སློབ་དཔོན་ཆེན་མོ་ཀཱརླ་ ཧེན་ཛི་ པེག་ (Prof. Karl-Heinz Paque, Chairman of the board of directors) མཆོག་དང་། ཚོགས་པའི་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་རེ་ནེ་ ཁེ་ལབ་ (Dr. Rene Klaff, Head of International Department, FNF for Freedom) མཆོག་རྣམ་གཉིས་ཀྱིས་ཚོགས་པའི་ལས་དོན་སྐོར་ངོ་སྤྲོད་བཅས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་ལྷོ་ཨེ་ཤི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་འཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་། ཕྱི་དྲོ་འཇར་མན་གྲོས་ཚོགས་འཐུས་མི་ཁེ་རི་སི་ཊན་ ཨེ་སེ་ཆིན་བྷརྒ་ (Christine Aschenberg – Dugnus, member of German Bundestag) མཆོག་གིས་གྲོས་ཚོགས་སུ་ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་ཡོད་པའི་བུད་མེད་གྲོས་ཚོགས་འཐུས་མི་རྣམས་ལ་དགོང་དྲོའི་གསོལ་སྟོན་ཞིག་བཤམས་འདུག

ཕྱི་ཚེས་ ༧ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་ལྷོ་ཨེ་ཤི་ཡའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་འཇར་མན་རྒྱལ་ས་བྷར་ལེན་ལ་ཆགས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་འགྲེམ་སྟོན་ཁང་ (Topography of Terror) ཞེས་པའི་ནང་གཟིགས་སྐོར་དང་། འཇར་མན་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་གྲོས་ཚོགས་འཐུས་མི་འབུམ་རམས་པ་སྐུ་ཞབས་ཧྥོ་ལོ་རེན་ ཊོན་ཀར་ (Dr. Florian Toncar, Parliamentary State Secretary to the Federal Minister of Finance) མཆོག་གིས་འཇར་མན་གཞུང་གི་ད་ལྟའི་ལས་དོན་སྤྱི་དང་། དཔལ་འབྱོར་ལྷན་ཁང་གི་སྐོར་ངོ་སྤྲོད་གནང་འདུག ཉིན་གུང་གསོལ་ཚིགས་ལྷན་འཛོམས་ཐོག འཇར་མན་རོགས་ཚོགས་ (FNF) ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཅར་ལེ་སི་ ཌུ་ ཝི་ནཱ་ཇི་ (Charles du Vinage, Head of Asia Desk, FNF, Potsdam) ལགས་དང་། ཌེ་ནཡེ་ལ་ སཱ་ཀཱ་ (Daniela Sacca, Asia Desk, FNF, Potsdam) ལགས་རྣམ་གཉིས་ཀྱིས་ “ཨེ་ཤི་ཡའི་ནང་དབུས་སའི་དབང་འཛིན་ལམ་ལུགས་དང་། དབང་ཆ་ཆ་བགོས་ཀྱི་ལམ་ལུགས་ཐོག་བསམ་ཚུལ་ལྔ།” (‘Five Thoughts on Federalism and Decentralisation in Asia’) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་རྗེས་འཇར་མན་བཟོ་ཚོང་ལྷན་ཚོགས་ཀྱི་ཕྱི་འབྲེལ་ཚོང་འབྲེལ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་ཝལ་ཀར་ ཌེ་རཡེར་ (Dr. Volker Treier, Chief Executive of Foreign Trade, German Chamber of Commerce and Industry) མཆོག་དང་། འཇར་མན་བཟོ་ཚོང་ལྷན་ཚོགས་ཀྱི་ལྷོ་དང་ལྷོ་ཤར་ཨེ་ཤི་ཡའི་འགན་འཛིན་ལྕམ་སྐུ་ཀེ་ཐ་རི་ན་ ཝི་ཏིཀ་ (Katharina Wittke, Head of Division South and Southeast Asia, Pacific, German Chamber of Commerce and Industry.) མཆོག་རྣམ་གཉིས་ནས་འཇར་མན་བཟོ་ཚོང་ལྷན་ཚོགས་དང་། འཇར་མན་དང་ལྷོ་ཨེ་ཤི་ཡའི་དབར་གྱི་དཔལ་འབྱོར་འབྲེལ་ལམ་ཐོག་ངོ་སྤྲོད་གནང་འདུག་པ་བཅས།
