དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་འཕགས་ཡུལ་སྨིན་གླིང་འདུས་མང་ཡོངས་དང་། ཝེཏི་ནམ་སྨིན་གླིང་སངྒའི་བླ་སློབ། དེ་བཞིན་འབྲུག་ཡུལ་སྨིན་གླིང་པདྨ་འོད་གསལ་གླིང་དགོན་པ་བཅས་ཐུན་མོང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་གྱི་རིང་ཨོ་རྒྱན་མ་ཧཱ་གུ་རུའི་རྒྱལ་ཚབ་ཆོས་རྒྱལ་གཏེར་བདག་གླིང་པའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་ཆ་ལག་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་གའི་སྒོ་ནས། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་གི་སྐུ་གེགས་ཀྱི་མཚན་མ་མཐའ་དག་ཞི་ནས་སྐུ་ཚེ་ཡུན་དུ་བརྟན་ཆེད་གང་ཉིད་ཀྱི་བླ་གཟའ་དང་བསྟུན་བརྟན་ཞུགས་ཟབ་རྒྱས་བསྟར་འབུལ་ཞུ་རྒྱུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཉམ་ཞུགས་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༤ ཚེས་ ༢ ཉིན་བཞུགས་སྒར་རྡ་ས་ནས་སྡེ་རུ་ལྡུན་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་བརྟན་ཞུགས་བསྟར་འབུལ་སྐབས་བཅར་རྒྱུ། ཕྱི་ཚེས་ ༤ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།