“༧རྒྱལ་བའི་ཐུགས་རྒྱུད་ལས་འཁྲུངས་པའི་མངོན་དགའ་སློབ་གྲྭ། ༧སྐུའི་བཀའ་དྲིན་རྗེས་སུ་དྲན་པ།” ཞེས་པའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་གཏན་ཁེལ་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༧ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་ལ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭར་ “༧རྒྱལ་བའི་ཐུགས་རྒྱུད་ལས་འཁྲུངས་པའི་མངོན་དགའ་སློབ་གྲྭ། ༧སྐུའི་བཀའ་དྲིན་རྗེས་སུ་དྲན་པ།”ཞེས་པའི་མཛད་སྒོ་ཞིག་འཚོགས་གནང་རྒྱུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་རྡ་ས་ནས་སྡེ་རུ་ལྡུན་ཁུལ་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༨ ཉིན་ས་གནས་ནས་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །