སིམ་སྤྱི་ལྷག་པ་ཚེ་རིང་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ནས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ།

༄༅། །༧སྐུའི་གོ་སྟོན་སྲུང་བརྩི་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སིམ་ལ་སྤྱི་ཁྱབ་ལས་ཁུངས་ཟུང་སྦྲེལ་ཐོག་སིམ་ལ་ཁུལ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༤ ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་སིམ་སྤྱི་ལྷག་པ་ཚེ་རིང་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ནས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ཤིཝ་ པྲ་ཏཱབ་ ཤུག་ལཱ་ (Shiv Pratap Shukla, Governor of Himachal Pradesh) མཆོག་མཇལ་འཕྲད་གནང་ཡོད་འདུག


སྐབས་དེར་སིམ་སྤྱི་ལྷག་པ་ཚེ་རིང་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཀྱིས། བོད་མིའི་སྒྲིག་འཛུགས་ནས་༧སྐུའི་གོ་སྟོན་དང་འབྲེལ་ལོ་གཅིག་ཧྲིལ་པོར་བྱམས་རྩེའི་ལོ་ཞེས་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་འགྲེལ་བརྗོད་གནང་རྗེས། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་ལ་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྟོན་རྟགས་མ་དང་། ༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། དེ་བཞིན་མང་གཙོའི་འཕེལ་རིམ་སྐོར་གྱི་དཔེ་དེབ། ཧི་མ་ཅལ་ཡུལ་སྲོལ་བཞིན་ཞྭ་མོ་དང་གཟན་ཡོལ་བཅས་ཕུལ་བ་དང་། ཆབས་ཅིག་མེ་ཏོག་ཆུན་པོ་ཕུལ་ཏེ། རྒྱ་གར་གྱི་དུས་ཆེན་ (Dusshera) ལ་འཚམས་འདྲི་ཞུས་གནང་ཡོད་འདུག


གཞན་ཡང་སིམ་སྤྱིས། བོད་མིའི་སྒྲིག་འཛུགས་ནས་ལོ་ཧྲིལ་པོོར་༸གོང་ས་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་དང་ཞུ་མུས་ལ་སོང་། རིང་མིན་སྲིད་སྐྱོང་སྐུ་འཁོར་ལྷན་རྒྱས་བཞུགས་སྒར་རྡ་རམ་ས་ལར་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག་པ་བཅས། །