༄༅། །བོད་མི་མང་སྤྱི་ལྷན་ཚོགས་གཞོན་མཆོག་དང་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་རྣམ་གཉིས་རྒྱ་གར་ཆབ་སྲིད་ཚོགས་པ་ BJP ཡི་ཚོགས་གཙོ་མཆོག་མཇལ་འཕྲད།

༄༅། །བོད་མི་མང་སྤྱི་ལྷན་ཚོགས་གཞོན་མཆོག་དང་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་རྣམ་གཉིས་རྒྱ་གར་ཆབ་སྲིད་ཚོགས་པ་ BJP ཡི་ཚོགས་གཙོ་མཆོག་མཇལ་འཕྲད།

རྒྱ་གར་ཆབ་སྲིད་ཚོགས་པ་ Bharatiya Janata Party ཡི་ཚོགས་གཙོ་སྐུ་ཞབས་ Rajnath Singh མཆོག་ཕྱི་ལོ་ ༢༠༡༣ ཟླ་  ཚེས་ ཉིན་ལྡི་ལི་ནས་སྤ་ལམ་པུར་དུ་ཚོགས་པའི་མཛད་འཆར་ཆེད་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་ལྷན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་རྣམ་གཉིས་ཀྱིས་ཁོང་ལ་འཚམས་ཞུའི་སྣེ་ལེན་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་དང་ BJP ཆབ་སྲིད་ཚོགས་པ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་དང་། ད་དུང་སྔར་ལྷག་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་ཡིག་ཐོག་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་པ་རེད།