༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་རྒྱུན་ལས་ཚོགས་ཆུང་སྐབས་བཞི་པའི་ལྷན་ཚོགས་དང་པོ།

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢ ཕྱེད་ཡོལ་ཚོུད་ ༢།༣༠ ཐོག་ཐོག་མར་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ད་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་སྐབས་བཞི་པའི་ཚོགས་ཐེངས་དང་པོ་ཡིན་པ་དང་། རྒྱུན་ལས་རྣམ་པ་ཁག་གཅིག་བརྗེ་ལེན་གནང་བ་ལྟར་སྤྱི་འཐུས་གངས་ལྷ་མོ་ལགས་དང། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་བཅས་རྒྱུན་ལས་ཚོགས་མིར་ད་རིང་ནས་གསར་དུ་ལས་འཁུར་གནང་པར་འཚམས་འདྲི་ཞུ་རྒྱུ་མ་ཟད། ད་ལྟ་གསོལ་ཇ་ཞལ་ཏོག་སྟབས་བདེ་ཞིག་ཀྱང་འབུལ་ལམ་ཞུས་པ་ཡིན་གསུངས་པ་དང་ཆབས་ཅིག་དཔལ་ལྡན་ཚོགས་གཙོ་མཆོག་ནས་རྒྱུན་ལས་ཚོགས་མི་གསར་ཕེབས་རྣམ་པ་གསུམ་ལ་དགའ་བསུ་དང་རྟེན་མཚོན་འཚམས་ཞུ་བཅས་ཀྱི་མཇལ་དར་རེའང་སྒྲོན་པ་གནང།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཆབ་སྲིད་དང། འཛིན་སྐྱོང། IMG_1497རྒྱུན་འབྲེལ་བཅས་ཀྱི་སྡེ་ཚན་གསུམ་དུ་ཆ་བགོས་ཡོད་པ་ལྟར་ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་བཅས་དང། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་དང། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་གཉིས། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་གངས་ལྷ་མོ་ལགས་གཉིས་བཅས་སུ་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཆ་བགོས་བཀོད་སྒྲིག་གནང་སྐོར་དང། བདུན་རེ་འཆར་ཅན་རེས་གཟའ་མིག་མར་དང། རེས་གཟའ་ཕུར་བུ་གཉིས་སུ་རྒྱུན་ལས་ལྷན་ཚོགས་གནང་རྒྱུ་གཏན་འབེབས་ཡོད་པ་ལྟར་ལྷན་ཚོགས་ཀྱི་སྔ་ཉིན་སོ་སོར་སྡེ་ཚན་སོ་སོའི་ནང་བཀའ་བསྡུར་གྱིས་རྒྱུན་ལས་སུ་བཀའ་བསྡུར་ཆེད་བསྣམ་དགོས་དང། དེ་མིན་རྒྱུན་ལས་ཀྱིས་མཁྱེན་རྟོགས་སླད་ཆབ་སྲིད་སོགས་ཀྱི་གནས་ཚུལ་སྙན་གསན་ཞུ་འོས་ཁག་གོ་སྒྲིག་གི་གནང་ལམ་ཡོད་པ་ལྟར་ད་རེས་ཚོགས་མི་གསུམ་གསར་ཕེབས་ཡོད་པར་ངོ་སྤྲོད་དང་སྦྲགས་ཞུ་སྒོ་འདི་དག་མུ་མཐུད་མཇུག་སྐྱོང་གནང་གལ་གྱི་སྐུལ་ལྕགས་ཆབས་ཅིག་གནང་ཞིང་། དེ་རྗེས་ལས་རིམ་གྲོས་གཞི་འགའ་ཞིག་ཐོག་བཀའ་བསྡུར་ཐག་གཅོད་ཀྱིས་ལྷན་ཚོགས་གྲོལ་བ་བཅས་ཀྱི་གནས་བསྡུས་སུ།