S I T ནས་ཡིན་པའི་སློབ་ཕྲུག་བཅུ་བཞི་སྤྱི་ལྷན་དུ་གཟིགས་བསྐོར་དུ་ཕེབས་པ།

img_5471

ད་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་ School for International Training ཞེས་པའི་ཚོགས་པ་ནས་ཡིན་པའི་་སློབ་ཕྲུག་བཅུ་བཞི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་གནང་ཡོད་པ་དང་། དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཁོང་རྣམ་པར་འཚམས་འདྲི་ཞུས་པ་དང་སྦྲགས་བོོད་མི་མང་སྤྱི་འཐུས་ལྷན་ཁང་ངོ་སྤྲོད་དང་འབྲེལ་མང་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་པའི་སྐོར་ཞིག་འགྲེལ་གནང་ཡོད། དམིགས་བསལ་བོད་ཀྱི་རིག་གཞུང་དང་རིག་གནས་བཅུ་ཐོག་ལ་ཡང་འགྲེལ་བཤད་སྙིང་བསྡུས་གནང་ཡོད། མཇུག་ཏུ་སློབ་ཕྲུག་རྣམས་ཀྱིས་བོད་པའི་གནད་དོན་གང་ཅིའི་ཐོག་དྲི་བ་འདྲ་མིན་ཞུས་པར་སྟབས་བསྟུན་བཀའ་ལན་གནང་བ་བཅས་ཀྱི་གནས་ཚུལ་དུ།།

 

img_5479