Bihar མངའ་སྡེའི་(BJP) གྲོས་ཚོགས་འབུ་འཁྲིད་ Prof Arun Kumar Sinha མཆོག་གིས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་མཇལ་འཕྲད་གནང་བ།

Bihar མངའ་སྡེའི་ BJP གྲོས་ཚོགས་འབུ་འཁྲིད་ Prof Arun Kumar Sinha མཆོག་དང་ཁོང་གི་ནང་མི་ལྷན་རྒྱས་རྡ་སར་ཕེབས་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༡༡།༡༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་མཇལ་འཕྲད་གནང་ཡོད་པ་རེད། སྐབས་དེར་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་ལྷན་ངོ་སྤྲོད་སྙིང་བསྡུས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཁག དེ་བཞིན་གནའ་བོའི་བོད་ཀྱི་རྒྱལ་རབས་དང་རིག་གཞུང་ངོ་སྤྲོད་དང་བོད་མིའི་སྒྲིག་འཛུགས་སྐོར་སོགས་གསུངས་གནང་ཡོད་པ་རེད།

Prof Arun Kumar Sinha མཆོག་གིས་ཐུགས་སྣང་ཧ་ཅང་ཆེན་པོས་བོད་དོན་འཐབ་རྩོད་དང་། བོད་ནང་ཛ་དྲག་གནས་སྟངས་སྐོར་དྲི་བ་གནང་བར་ཚོགས་གཙོ་མཆོག་ནས་བཀའ་ལན་ཞིབ་གསལ་ཞུས། ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་དང་། ཁོང་ལ་ལེགས་སྐྱེས་ཕྱག་རྟགས་སུ་བོད་དོན་སྐོར་ཕྱག་དེབ་གྲངས་ ༧ ཕུལ་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།