༄༅། །པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།

༄༅།	།པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།༄༅། །པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།

ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་བཞུགས་སྒར་དྷ་ས་ལྷ་རྒྱལ་རི་རྟེན་མཁར་གྱི་མདུན་ཐང་དུ། བྱང་རིགས་ཧོར་ཚོའི་སྐྱིད་སྡུག་གི་གོ་སྒྲིག་འོག་ཀུན་གཟིགས་ྋཔཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་མཆོག་དགུང་གྲངས་ཉེར་བཞི་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་ལྟར། སྔ་དྲོ་ཕྱག་ཚོད་ ༦ པའི་ཐོག་སྐུ་རླུང་དར་འཛུགས་དང༌། ཕྱག་ཚོད་ ༧ པའི་ཐོག་བསང་མཆོད་དང་འབྲེལ་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བྱང་རིགས་ཧོར་ཚོའི་སྐྱིད་སྡུག་གི་དྲུང་ཆེ་དབང་ཚེ་ལགས་ནས་མཛད་སྒོ་ངོ་སྤྲོད་དང༌། སྐྱིད་སྡུག་གི་ཚོགས་གཙོ་སྤྱི་ཟུར་འཁོར་ཚ་བསོད་ནམས་དགྲ་འདུལ་ལགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་ནས་ཚོགས་ཕེབས་ཡོངས་ལ་མཚམས་འདྲི་དང་འབྲེལ་གསུང་བཤད་གནང་སྐབས། ྋ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་རིམ་བྱོན་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་འཛིན་ཡིན་སྐོར་དང༌། ལྷག་དོན་དུ་པཎ་ཆེན་སྐུ་འཕྲེང་བཅུ་པ་རྗེ་བཙུན་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོ་མཆོག་ནི། བསྟན་འགྲོ་སྤྱི་དང་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་གསབ་ཐབས་བྲལ་བའི་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་གནང་མཁན་གྱི་ཞུམ་པ་མེད་པའི་དཔའ་བོ་ཞིག་ཡིན་སྐོར་དང༌། ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་སྐོར་ལ་སོགས་པའྀ་གསུང་བཤད་གནང་ཡོད་མ་ཟད། ྋཔཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པ་དང༌། ལྷག་པར་ཆུང་སྲིད་རིན་པོ་ཆེ་མཆོག་གློད་གྲོལ་དང་འབྲེལ་བའི་བོད་མིའི་ལས་འགུལ་ལ་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་སྐུལ་མ་ཡང་གནང་ཡོད་པ་རེད། དེ་རྗེས་མཛད་སྒོའི་མཐའ་མར་བྱང་རིགས་ཧོར་ཚོའི་སྐྱིད་སྡུག་གི་དྲུང་ཆེ་དབང་ཚེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རེ་ཞིག་མཇུག་བསྡོམས་བྱུང་ཡོད་པའི་གསར་གནས་སུ།

༄༅།	།པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།༄༅། །པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།