སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནང་གི་དགོན་སྡེ་ཁག་ལ་མཚམས་གཟིགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༥ ཉིན་སྒང་ཏོག་ས་གནས་འགོ་འཛིན་སྦྱིན་པ་ཕུན་ཚོགས་ལགས་དང་ལྷན། བོད་མི་མང་སྤྱི་འཐུས་རྣམ་གཉིས་སྒང་ཏོག་བོད་གཞུང་གུ་རུ་ལྷ་ཁང་དང་། ངོར་དགོན་པ། སེར་བྱེས་དགོན་པ། སྡེ་དགེ་མ་ནི་དུང་སྒྲུབ་ཚོགས་པ་བཅས་ལ་མཚམས་གཟིགས་མཆོད་མཇལ་དང་། དགོན་པའི་ཕྱག་མཛོད་དང་མཁན་པོ། ལས་སྣེ་རྣམ་པར་མཇལ་འཕྲད་གནང་སྟེ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཆ་བགོས་ཀྱིས་གཞུང་འབྲེལ་མཚམས་གཟིགས་ཕེབས་བཞིན་པའི་སྐོར་ངོ་སྤྲོད་གནང་བ་ཡོད་པ་བཅས།