
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༤ ཉིན་སྒང་ཏོག་ས་གནས་འགོ་འཛིན་སྦྱིན་པ་ཕུན་ཚོགས་ལགས་དང་ལྷན། བོད་མི་མང་སྤྱི་འཐུས་རྣམ་གཉིས་དཔལ་ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་གི་བྱེས་ཀྱི་གདན་ས་འབྲས་ལྗོངས་གླིང་སྡུམ་དཔལ་ཀརྨ་ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཕེབས་འབྱོར་སྐབས། དགོན་པའི་ཕྱག་མཛོད་ལས་སྣེ་རྣམས་ནས་ཕེབས་བསུའི་སྣེ་ལེན་གནང་སྟེ་དགོན་པའི་འདུ་ཁང་དང་། བཤད་གྲྭ་གཟིམས་ཆུང་བཅས་ལ་མཚམས་གཟིགས་མཆོད་མཇལ་དང་།

དགོན་པའི་ཕྱག་མཛོད་དང་མཁན་པོ། ལས་སྣེ་རྣམ་པར་མཇལ་འཕྲད་གནང་སྟེ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཆ་བགོས་ཀྱིས་གཞུང་འབྲེལ་མཚམས་གཟིགས་ཕེབས་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།
