
༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༥ ནས་ ༢༤ བར་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། རྡོར་གདན། ཝ་ར་ཎ་སི་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ པའི་ཚེས་ ༡༥ ཉིན་ལྡི་ལིར་ལྷན་འཛོམས་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་ཨོ་ཌི་ཤར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༧ ནས་ ༡༨ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༩ ཉིན་བྷ་རམ་པུར་ནས་མེ་འཁོར་བརྒྱུད་གྷ་ཡར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༡ ཉིན་གྷ་ཡ་ནས་ཝ་ར་ཎ་སིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༣ ཉིན་ཝ་ར་ཎ་སི་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།