
༄༅། །བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་འགོ་འཛུགས་ཏེ། ལ་དྭགས་གླེ་བྱང་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༩ དང་། ༣༠ ཉིན་གྲངས་གཉིས་རིང་། ལ་དྭགས་བྱང་ཐང་ས་སྨད་དང་། སུམ་མདོ། སུམ་མདོ་བོད་ཁྱིམ་ཡན་ལག་སློབ་གྲྭ དེ་བཞིན་ཆུ་མུར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་ཤིང་། སྐབས་སོ་སོར་ས་གནས་མི་མང་ནས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། དེ་བཞིན་མི་མང་འདུ་འཛོམས་སོ་སོར་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད་པ་བཅས།
