
༄༅། །བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་འགོ་འཛུགས་ཏེ། ལ་དྭགས་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༧ ཉིན་ལ་དྭགས་བསོད་ནམས་གླིང་གླེ་གཞིས་གྲོང་ཁག་ ༡༢ དང་། དེ་བཞིན་མ་ཁྱུར་དང་། ཆུ་ཤུལ་གཉིས་ཀྱི་གཞིས་ཆགས་གསར་པ་བཅས་ལ་འཚམས་གཟིགས་གནང་ཞིང་། གཞིས་གྲོང་རེ་རེའི་བརྒྱ་དཔོན་དང་འཐུས་མི་རྣམས་དང་ལྷན་ས་གནས་ཀྱི་གནས་སྟངས་དང་དཀའ་ངལ། དེ་བཞིན་ལས་འཆར་སོགས་ཀྱི་ཐད་རྒྱུས་ལོན་ཞིབ་ཚགས་ཞུས་འདུག
སྐབས་དེར་ས་འཐུས་ཚོགས་གཙོ་དོན་འགྲུབ་ཚེ་རིང་ལགས་དང་། ལ་སྤྱི་སྐུ་ངོ་བཀྲ་ཤིས་དོན་འགྲུབ་ལགས། ལ་སྤྱི་ལས་དྲུང་ཀརྨ་རིན་ཆེན་ལགས་བཅས་ལྷན་བཅར་ཞུས་འདུག་པ་བཅས།
