
༄༅། །བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༣ ནས་འགོ་འཛུགས་ཏེ། ལ་དྭགས་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༦ ཉིན་ལ་དྭགས་བོད་ཁྱིམ་སློབ་གྲྭ་དང་། སྨན་ལྷ་ཡན་ལག་སློབ་གྲྭ ཨག་གླིང་ཡན་ལག་སློབ་གྲྭ བོད་ཁྱིམ་རྒན་གསོ་ཁང་བཅས་སུ་འཚམས་གཟིགས་དང་། དགེ་སློབ་རྣམས་ལ་བཀའ་སློབ་གསུང་བཤད་དང་། སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
སྐབས་དེར་ས་འཐུས་ཚོགས་གཙོ་དོན་འགྲུབ་ཆེ་རིང་ལགས་དང་། ལ་སྤྱི་སྐུ་ངོ་བཀྲ་ཤིས་དོན་འགྲུབ་ལགས། ལ་སྤྱི་ལས་དྲུང་ཀརྨ་རིན་ཆེན་ལགས་བཅས་ལྷན་བཅར་ཞུས་འདུག་པ་བཅས།
