སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་ཤྲི་ན་སྒར་དང་། དཀར་འཁྱིལ། ལ་དྭགས་སླེ་བྱང་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་ཟླ་ ༧ པའི་ཚེས་ ༦ བར་ཤྲི་ན་སྒར་དང་། དཀར་འཁྱིལ། ལ་དྭགས་སླེ་བྱང་ཁུལ་བཅས་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཕྱི་ཟླ་ ༦ པའི་ཚེས་ ༢༢ ནས་ ༢༣ བར་ཤྲི་ན་སྒར་ཁུལ་ལ་ལས་རིམ་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༤ ནས་ ༢༥ བར་དཀར་འཁྱིལ་ཁུལ་ལ་ལས་རིམ། ཕྱི་ཚེས་ ༢༦ ནས་ ༢༨ བར་ལ་དྭགས་སླེ་ཁུལ་ལ་ལས་རིམ། ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༧ པའི་ཚེས་ ༤ བར་ལ་དྭགས་བྱང་ཐང་ས་ཁག་དགུ་ལ་ལས་རིམ། ཕྱི་ཟླ་ ༧ པའི་ཚེས་ ༥ ནས་ ༦ བར་ལ་དྭགས་སླེ་ཁུལ་ལ་དཔོན་རིགས་མཇལ་འཕྲད་གནང་རྒྱུ་ཡིན་པ་བཅས།