སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་དང་། ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བཅས་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་ ༢༨ བར་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་དང་། ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བཅས་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཕྱི་ཟླ་ ༦ པའི་ཚེས་ ༢༢ ནས་ ༢༥ བར་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཁུལ་ལ་ལས་རིམ་བསྐྱང་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༢༦ ནས་ ༢༨ བར་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་ལ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་བཅས།