
༄༅། །སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལོ་དུས་བཞི་པའི་རྒྱུན་ལས་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་རྒྱུན་ལས་ནས་ལས་འཁྱུར་གནང་བར། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༠༠ པའི་ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། སྤྱི་འཐུས་རྣམ་པ་གཉིས་ནས་རྒྱུན་ལས་གནང་སྐབས་དགོངས་པ་བཞེས་ཕྱོགས་རེད། ལས་དོན་གནང་ཕྱོགས་རེད། རྒྱུན་ལས་ཀྱི་ཐོག་ནས་ལས་དོན་གནང་ཕྱོགས་ཐོག་ལ་ཐུགས་ཕན་གསོས་པོ་བྱུང་སོང་བས། ཚོགས་གཙོ་སྦྲེལ་པོའི་ངོས་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གྲུབ་མཚམས།

རྒྱུན་ལས་ལས་འཁྱུར་རྣམས་ལ་དགའ་སྐྱེལ་མཇལ་དར་ཕུལ་གནང་ཡོད་པ་བཅས།

