བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་མུ་མཐུད་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་པ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༨ ཉིན་ནས་འགོ་འཛུགས་ཏེ། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༡ ཉིན་ཐོག་མར་༧རྒྱལ་བའི་ཕོ་བྲང་ལ་མཇལ་བཅར་ཞུས་པ་དང་། དེ་ནས་རིམ་པས་ས་གནས་འཚོ་བྱེད་སྨན་ཁང་དང་། ས་གནས་ཁྲིམས་ཞིབ་ཁང་། ས་གནས་རྒན་གསོ་ཁང་། ལྷོ་ཕྱོགས་ས་གནས་རྩིས་ཞིབ་ལས་ཁང་། སྐྱེས་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་། ཨར་ལི་ཀུ་མ་སཾ་བྷོ་ཊའི་ཡན་ལག་སློབ་གྲྭ་དང་སྔོན་འགྲོའི་སློབ་གྲྭ། བུ་བཅོལ་ཁང་བཅས་སུ་གཟིགས་སྐོར་གནང་བ་དང་། དགོང་མོ་སེར་བྱེས་དྲྭ་ཐོག་སློབ་གྲྭར་གཟིགས་སྐོར་ཕེབས་ཏེ། གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་བཅས་མུ་མཐུད་ལས་རིམ་སྐྱོང་བཞིན་ཡོད་པ་བཅས།