བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་མུ་མཐུད་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་པ།

 

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༨ ཉིན་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༩ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་ཕེབས་ཏེ། དེ་གའི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་པ་དང་།

དེ་རྗེས་ས་གནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། ཨར་ལི་ཀུ་མ་མི་སཾ་བྷོ་ཊ་ཡན་ལག་སློབ་གྲྭ་དང་སྔོན་འགྲོའི་སློབ་གྲྭ་བཅས་ལ་རིམ་པས་གཟིགས་སྐོར་གནང་བ་བཅས་མུ་མཐུད་སྦེལ་ཀོབ་ནང་ལས་རིམ་བསྐྱང་འཆར་རེད་འདུག་པ་བཅས།