༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢༩ ཉིན་ཞྭ་སེར་བསྟན་པའི་གསལ་བྱེད་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ནས་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་གནང་སྐབས།
བོད་མི་མང་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ནས་རྡ་ཤོད་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་གཞུང་འབྲེལ་སྣེ་ལེན་ཕེབས་བསུར་བཅར་ཡོད་པ་རེད།
གཞི་རྩའི་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་བླ་ཆེན་ཆོས་ཚོགས་ཐེངས་ ༡༥ པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོ་བཅས་ཀྱི་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་འདུག་པ་བཅས།