༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་འཛིན་ཀུན་བཟང་འཇིགས་མེད་རིན་པོ་ཆེ་སྟོན་འཁོར་བཞུགས་སྒར་རྡ་རམ་ས་ལར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༧ ཉིན་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་བདག་བླ་ཆེན་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཀུན་བཟང་འཇིགས་མེད་རིན་པོ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་བླ་ཆེན་ཆོས་ཚོགས་ཐེངས་ ༡༥ པར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་སྐབས། བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། མདོ་སྨད་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག དབུས་འོས་བསྡུའི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས། སྟག་ལུང་མཁན་པོ་ཨོ་རྒྱན་རྡོ་རྗེ་མཆོག་བཅས་བཞུགས་སྒར་རྡ་རམ་ས་ལ་ནས་ལེ་དབར་ ༤༠ ལྷག་གི་ས་ཆ་ Ranital ཞེས་པའི་ས་གནས་སུ་གཞུང་འབྲེལ་ཕེབས་བསུ་ཆེད་བཅར་ཞུས་ཏེ་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་བཅས།