ཕྱི་ལོ་༢༠༡༤ཟླ་ཚེས་༡༣ཉིན་སྔ་དྲོ་ཕྱག་ཚོད་༩།༣༠ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཉིན་འདིའི་ལས་རིམ་དབུ་འཛུགས་གནང་བ་དང་སྦྲགས།སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་སྲིད་བྱུས་ཕྱག་བསྟར་གནང་ཕྱོགས་ཐད། སྐར་རྟགས་ཅན་གྱི་དྲི་བ་ཨང་དང་པོ་༡ གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༧ གྱིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་། 

ཉིན་འདིའི་ལས་རིམ་ ༢ པ། ཁྲིམས་བཟོའི་ལས་དོན། བརྗོད་པ་གསུམ་ཀ་རིམ་བསྐྱངས་ཐོག གཞུང་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཁྲིམས་འཆར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་ ༢ པའི་ག་པའི་བསྐྱར་བཅོས་ལ་སྤྱི་མོས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་གྱ་གཅིག་པའི་ནང་གསེས་ ༤ པའི་བསྐྱར་བཅོས་ལ་ངོ་ཡོད་གསུམ་ཆ་གཉིས་ཀྱིས་གཏན་འབེབས་གནང་།

ཉིན་འདིའི་ལས་རིམ་ ༣ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་རེ་གསུམ་པའི་དགོངས་དོན་ཆེས་ཐོའི་ཁྲིམས་ཞིབ་པ་ཆེ་བའི་འོས་འདེམས་ཀྱི་འོས་མི་གཉིས་ཀྱི་མཚན་དང་ལོ་རྒྱུས་འདེམས་སྒྲུག་ཚོགས་ཆུང་ནས་ཕུལ་བ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྙན་སྒྲོན་ཟིན་རྗེས། སྤྱི་འཐུས་ཚོགས་གཞོན་བརྩིས་ངོ་ཡོད་སྤྱི་འཐུས་ ༣༣ གྱིས་འོས་འཕེན་གནང་སྟེ། བཙན་བྱོལ་བོད་མིའི་རྩིས་ཞིབ་སྤྱི་ཁྱབ་ཟུར་པ་བཀའ་བརྒྱུད་དོན་གྲུབ་ལགས་སུ་འོས་གྲངས་ ༡༩ དང་། སྤྱི་འཐུས་ཚོགས་ཟུར་དང་སྤྱི་འཐུས་ལས་ཐོག་པདྨ་འབྱུང་གནས་ལགས་སུ་འོས་གྲངས་ ༡༤ བཅས། བཀའ་བརྒྱུད་དོན་གྲུབ་ལགས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་པ་ཆེ་བར་བདམས་ཐོན་བྱུང་བ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསལ་བསྒྲགས་གནང་།

trim

ཉིན་འདིའི་ལས་རིམ་ ༤ པ། བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་འཆར་འགོད་ལས་ཁང་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཕྱི་ལོ་ ༢༠༡༣ ་་་ ༡༤ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཉམས་ཞིབ་གནང་བའི་སྙན་ཐོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་ཞིག་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ནས་བཏོན་གནང་བ་དང་། སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་རྒྱབ་སྐྱོར་གནང་། སྤྱི་ཡོངས་ཀྱི་བགྲོ་གླེང་སྐབས་སྤྱི་འཐུས་ ༡༡ གིས་ཆ་ཤས་བཞེས་ཏེ་དགོངས་ཚུལ་གསུངས་པ་དང་སྦྲགས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་དགོས་ཁག་གནང་

sikyong

ཉིན་འདིའི་ལས་རིམ་ པ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣ ་་་ ༡༤ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་གངས་ལྷ་མོ་ལགས་ཀྱིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་བཏོན་གནང་བ་དང་། སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་རྒྱབ་སྐྱོར་གནང་།

ཉིན་འདིའི་ལས་རིམ་ ༦ པ། སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་སྤྱི་འཐུས་རྣམ་པས་དགོངས་ཤོག་ཕུལ་བ་ཁག་དང་། བདུན་རྗེས་མའི་ལས་རིམ་ཁག་སྙན་སྒྲོན་གནང་བ་དང་བཅསཉིན་གཉིས་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།