དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར། གནས་མཆོག་ཨ་ཡོ་དྷ་ རཱམ་ མན་དྷིར་ (Ayodhya Ram Mandir) དུ་གནས་གཟིགས་དང་མཆོད་མཇལ་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཨ་ཡོ་ངྷ་(Ayodhya) རུ་འབྱོར་རྗེས་དགོང་མོར་རྒྱ་གར་གྱི་རིག་གཞུང་དང་ཆོས་ལུགས་ལ་གུས་བཀུར་མཚོན་ཕྱིར་སཱ་རུའི་གྷཊ་ ཨར་ཊི་ (Saryu Ghat ‘Arti’) མཆོད་འབུལ་གྱི་མཛད་སྒོར་མགྲོན་འབོད་གནང་དོན་བཞིན་མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་གནས་མཆོག་ཨ་ཡོ་དྷ་ རཱམ་ མན་དྷིར་ (Ayodhya Ram Mandir) དུ་ཇོ་བོ་ཤྲྰི་རྰམ་ (Lord Shri Ram) ལ་མཆོད་མཇལ་ཞུས་གནང་ཡོད། མཛད་སྒོ་དེར་མི་སྣ་གྲགས་ཅན་མང་པོ་ཞིག་མཉམ་ཞུགས་གནང་བ་དེས་མཛད་སྒོ་དེར་གཟི་བརྗིད་དང་གལ་ཆེན་རང་བཞིན་གྱི་རྣམ་པ་ཞིག་མཚོན་ཐུབ་ཀྱི་ཡོད།

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཛད་སྒོ་འདི་གོ་སྒྲིག་གནང་་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ། དེ་བཞིན་བོད་དང་རྒྱ་གར་བར་གྱི་མཛའ་བརྩེ་རྒྱུན་མི་ཆད་པའི་སྨོན་ལམ་ཡང་ཞུས་གནང་སོང་། ཚོགས་ཞུགས་པ་རྣམས་པས་ཀྱང་བོད་པའི་ཆོས་དང་རིག་གཞུང་། དེ་བཞིན་བོད་པའི་གནད་དོན་ཐོག་གསན་ཞིབ་གནང་ཡོད་པ་བཅས།