༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༣ ཉིན་གྱི་སྔ་དྲོ་གཅེར་བུ་བའི་བླ་ཆེན་ཨཱ་ཅཱརྱ་ལོ་ཀེཤ་ མུ་ནི་ (Acharya Dr. Lokesh Muni) མཆོག་དང་། ཧི་དྷུའི་བླ་ཆེན་མཱ་ཧཱ་ མན་ཌལ་སེ་ཝར་ མཱ་ཧན་ཊ་ ནཱ་ཝལ་ ཀི་ཤོར་ དྷ་སེ་ (Maha Mandleswar Mahant Naval Kishore Das) མཆོག་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྣེ་ལེན་མཇལ་འཕྲད་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སྐོར་སོགས་ཀྱི་ཐོག་ངོ་སྤྲོད་སྙིང་བསྡུས་ཞུས་གནང་སོང་།