ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་དམངས་གཙོའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Mukut Mithi མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Shri Arun Kumar མཆོག་དམིགས་བསལ་སྐུ་མགྲོན་དང་། གཞན་ཡང་ Shri K D Singh མཆོག་སྐུ་མགྲོན་བཅས་སུ་གདན་ཞུས་པར་ཆེད་ཕེབས་གནང་བར་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ དགོང་དྲོ་རྡ་སྟེང་ནོར་བུ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཕེབས་སུའི་གསོལ་སྟོན་ཞིག་འབུལ་ལམ་ཞུས་ཡོད་པ་རེད།།