ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།

ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།
ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།

འདི་ག་ཨོ་རི་ས་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་དེ་དག་ས་གནས་སུ་ཕེབས་འབྱོར་མཚམས་སྒོ་མང་ཡོངས་ནས་ལས་འགུལ་སྤེལ་ཕྱོགས་ཐད་གོ་བསྡུར་ལྷུག་པོར་ཞུས་པ་གཞིར་བཞག་དང༌། ཕྱི་ལོ་ ༢༠༡༢།༩།༢༡ ཉིན་མན་སྤར་ཕན་བདེ་གླིང་གཞིས་ཆགས་ནས་སམ་ལྦལ་སྤུར་ཟེར་བའི་ས་གནས་སུ་ཕེབས་བསྐྱེལ་གནང་སྐབས་དང་ཐོག་ཨོ་གཞིས་སྐུ་ཚབ་གསུམ་༼ ས་འཐུས། རང་བདེན་ཚོགས་ཆུང༌། སྤྱི་མིའི་སྐུ་ཚབ་རེར།༽ བཅས་བདེན་པའི་མེ་ལྕེ་ཕེབས་བསུར་ཆེད་མངགས་བཅར། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༢ ཉིན་རྒྱབ་ཕྱག་ཚོད་ ༢།༠༠ ཐོག་ྋསྐྱབས་གནས་དགེ་འདུན་གྱི་སྡེ་ཁག་དང༌། ས་འཐུས་ཚོགས་གཙོ་མཆོག་གི་གཙོས་ས་འཐུས་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། དགེ་ལས་དང་སློབ་ཕྲུག་རྣམ་པ། ས་གཞོན་བེུད་ཚོགས་གཙོ་རྣམ་པ། གཞིས་ཁག་ལྔའི་སྤྱི་མི་དང་མི་མང་ཕོ་མོ་ཁྱོན་བསྡོམས་ ༧༠༠ ཙམ་འདུ་འཛོམས་ཀྱི་གཞིས་ལས་ཚོགས་ཁང་དུ་ཕེབས་བསུ་ཟབ་རྒྱས་ཞུ། དེ་ནས་མཛད་རིམ་གཞིར་བཟུང་ས་འགོ་ལས་ཚབ་ལས་དྲུང་བུ་རིན་ཆེན་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཕེབས་བསུ་བཅར་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ངོ་སྤྲོད་གསུང་བཤད་གནང་རྗེས་ས་གནས་སུ་ལས་འགུལ་སྤེལ་ཕྱོགས་དང༌། མི་མང་དྭང་བླང་དང་མཉམ་བཞུགས་དགོས་གལ་འབོད་བསྐུལ་ཞུ་དོན་ལྟར་མི་མང་ངོས་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་ལས་འགུལ་ཤུགས་ཆེར་སྤེལ་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་དཔལ་ལྡན་ས་འཐུས་ཚོགས་གཙོ་མཁན་པོ་པདྨ་བསྟན་འཕེལ་མཆོག་ནས་གསུང་བཤད་ནང་གསལ། བོད་ནང་ཛ་དྲག་གནས་སྟངས་འོག་སྐུ་ལུས་མེར་སྲེགས་བཏང་དང་གཏོང་བཞིན་པའི་དམ་པ་འདས་པོ་རྣམས་ཀྱི་མངོན་འདོད་གྲུབ་རྒྱུར་རང་དབང་ཅན་གྱི་རྒྱལ་ཁབ་ནང་ཡོད་བོད་རིགས་སྤུན་ཟླ་ཡོངས་ཀྱི་ལས་འགན་གཙོ་ཆེ་དང༌། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དོན་ཚན་ཁག་གསུམ་ཐོག་འགྲེལ་བརྗོད་ཟབ་རྒྱས་གནང༌། དེ་བཞིན་མི་མང་འདུ་འཛོམས་ཡོངས་ནས་བསྔོ་སྨོན་མཆོད་འབུལ་གྱི་མཛད་རིམ་གྲུབ། དེ་སྔ་དབྱིན་བོད་ཧིན་སྐད་ཡིག་གེ་གསར་ཤོག་ཐོན་པ་ལྟར་འདི་ག་ཨོ་རི་ཡའི་སྐད་ཡིག་ཐོག་ཕབས་བསྒྱུར་ཞུས་ཏེ་གསར་ཤོག་གང་མང་བགོས་འགྲེམས་ཞུ་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ཉིན་ཅན་ད་ར་གི་རི་ལ་ལས་འགུལ་སྤེལ་ཡོད།

ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།

ལྷག་པར་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༦ ཉིན་སྔ་དྲོ་ ༡༠།༠༠ ཐོག་རྒྱལ་ས་ལྦ་རམ་སྤུར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཧ་ཅང་ཤུགས་ཆེར་སྤེལ་སྐབས་མཚན་གཞུང་ལྟར་གསུང་བཤད་གནང་ཡོད་པ་དང༌། མངའ་སྡེའི་ཡུལ་མི་ངོས་ནས་རྒྱབ་བསྐྱོར་དང་དོ་སྣང༌། གསུང་བཤད་གསན་མཁན་ཡུལ་མི་མང་པོ་བྱུང་བ་འདི་ནི་གསུང་བཤད་ཁ་གསལ་བྱུང་བ་ཙམ་མིན་པར་གསར་ཤོག་མང་པོའི་ནང་ཐོན་འདུག ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ཐོག་ཁ་ལི་ཀོཌ་མཐོ་རིམ་སློབ་ཕྲུག་དང་དེ་བཞིན་ ༤།༠༠ ནས་ཀ་རུ་ན་ཤན་ཏི་མཐོ་རིམ་སློབ་ཕྲུག་བཅས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་དང་མཚན་རྟགས་བསྡུ་རུབ་ཞུས་རྗེས་ཕྱི་ཚེས་ ༢༠༡༢།༩།༢༧ ཉིན་འདི་ནས་སྦན་ད་ར་གཞིས་ཆགས་སུ་བདེན་པའི་མེ་ལྕེ་ཕེབས་བསྐྱེལ་ཞུས་པ་དང་བརྒྱུད་སྤྲོད་གནང་འདུག

ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལེགས་གྲུབ་ཟིན་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།