ཨི་ཊ་ལི་ནས་ཡིན་པའི་ Dr, Arno kompatscher མཆོག་དང་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

IMG_7577

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ཡོལ་ཙམ་ལ་ཨི་ཊ་ལི་ས་ཁུལ་ལྷོ་ཊེ་རོལ་ཚོགས་གཙོ་ Dr, Arno kompatscher ལགས་དང་། Dr Gunther Cologna, ལགས། དེ་བཞིན་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་དཔལ་ལྷན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་མཇལ་འཕྲད་ཞུས། དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་རྣམ་པ་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲིའི་མཇལ་དར་དང་། ཕྱག་རྟགས་ཕུལ།

IMG_7574

དེ་ནས་ཡུད་ཙམ་རིང་ཁོང་རྣམ་པས་ཚོགས་གཞོན་མཆོག་ལ་བོད་མིའི་གནད་དོན་དང་འབྲེལ་བའི་བཀའ་དྲི་གནང་བར་ཚོགས་གཞོན་མཆོག་ནས་བཀའ་ལན་ཞིབ་གསལ་གནང་ཡོད། མཇུག་ཏུ་ཚོགས་གཞོན་མཆོག་ནས་ཁོང་རྣམས་གྲོས་ཚོགས་ཚོགས་ཁང་དུ་གཟིགས་བསྐོར་སྣེ་ལེན་དང་། གྲོས་ཚོགས་ཀྱི་ལས་དོན་སོགས་ཀྱི་གསལ་བཤད་གནང་བ་བཅས་ཀྱི་གནས་བསྡུས་སུ།།