ཨ་རིའི་ Frostburg State University,Maryland USA གི་གཙུག་ལག་སློབ་གྲྭའི་སློབ་ཚོགས་ཁག་ཅིག་ལ་བོད་ཀྱི་གནས་བབ་སྐོར་ངོ་སྤྲོད།

ཕྱི་ལོ་ ༢༠༡༥ ཟླ་བ་ ༡ ཚེས་ ༡༩ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༠༢ ནས་བཟུང་ལོ་ལྟར་ཕྱི་རྒྱལ་གཙུག་ལག་སློབ་གྲྭ་དང་མཐོ་སློབ་ཁག་མི་འདྲ་བ་བདུན་ཙམ་མཉམ་དུ་རིག་གཞུང་བརྗེ་རེས་ཀྱིས་བོད་ཀྱི་རིག་གཞུང་དང་། DSC_6744དེ་བཞིན་བོད་དོན་སོགས་ངོ་སྤྲོད་ཆེད་མཁས་མི་སྣ་གདན་ཞུས་ཀྱིས་གསུང་བཤད་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། ད་རེས་ཨ་རིར་རྟེན་གཞི་བྱས་པའི་མེ་རི་ལེན་ཌི་ཕོ་རོས་ཊི་བྷར་གི་གཙུག་ལག་སློབ་གྲྭའི་སློབ་ཚོགས་ཁག་ཅིག་གདན་ཞུ་བྱས་ཡོད་ལ། དེ་ཁོངས་སློབ་མ་གྲངས་ ༦ དང་། དགེ་རྒན་ཆེན་མོ་གྲངས་ ༢ གློག་བརྙན་བཟོ་མཁན་ཆེད་ལས་པ་གྲངས་ ༡ དང། ཁོང་ཚོ་གཙུག་ལག་སློབ་གྲྭ་དེའི་འགོ་ཁྲིད་དང་ཉམས་གསོག་སྦྱོང་བརྡར་སྡེ་ཚན་གྱི་ངེས་སྟོན་པ་སྐུ་ཞབས་ Dauglas Bear ལགས་དང་། དགེ་རྒན་ཆེན་མོ་ Victoria Gearhart ལགས་རྣམ་གཉིས་ཀྱིས་འགོ་འཁྲིད་གནང་ཡོད། ཁོང་ཚོར་ལྟེ་གནས་ཁང་ནས་ངོ་སྤྲོད་གསུང་བཤད་དང་། DSC_6769ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁོང་ཚོར་བོད་ཀྱི་ད་ལྟའི་གནས་བབ་དང་ཆབ་སྲིད་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ཀྱི་དྭོགས་དྲི་ཞུས་ཁག་ལ་བཀའ་ལན་ཞིབ་གསལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།