ཨ་རིའི་རོགས་སྐྱོར་ཚོགས་པའི་སྐུ་ཚབ་རྣམ་པ་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

ཟླ་ ༤ པའི་ཚེས་ ༧ རེས་གཟའ་པ་སངས་ཕྱི་དྲོ་ཆུ་ཚོད་ ༡༢།༤༥ ཐོག་ཨ་རིའི་རོགས་སྐྱོར་ཚོགས་པའི་(USAID)སྐུ་ཚབ་རྣམ་པ་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྣེ་ལེན་འཚམས་འདྲི་ཞུས་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ངོ་སྤྲོད་གནང་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གཟིགས་སྐོར་ཕེབས་གནང་མཛད་པའི་གནས་ཚུལ་དུ།