ཧར་པ་སྤུར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།

སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གྱིས་བདེན་པའི་མི་ལྕེ་བསྣམས་ཏེ་ལ་ཁན་ཝ་ལའི་གཞིས་ཆགས་སུ་གོམ་བགྲོད་ཏོག་ཙམ་གནང་།སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གྱིས་བདེན་པའི་མི་ལྕེ་བསྣམས་ཏེ་ལ་ཁན་ཝ་ལའི་གཞིས་ཆགས་སུ་གོམ་བགྲོད་ཏོག་ཙམ་གནང་།གོང་དཀར་ཆོས་སྡེ་དགོན་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།གོང་དཀར་ཆོས་སྡེ་དགོན་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་དོན་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པའི་ཁོངས་རྒྱ་གར་བྱང་ཕྱོགས་ལ་དྭགས་དབུ་འཛུགས་གནང་བའི་བདེན་པའི་མེ་ལྕེ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨་༣༠ ཐོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གཙོས་ས་འཐུས་དང་། ས་གནས་གཞོན་ནུ། ས་གནས་བུད་མེད་བཅས་ཀྱིས་འགན་ཁུར་འོག་སྦག་སྦག་ཞོན་མཁན་གྲངས་བཅོ་ལྔསསྐྱེལ་མ་དང་བཅས་རྒྱ་གར་བྱང་ཕྱོགས་ཧ་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་བོད་མིའི་གཞིས་ཆགས་ཀྱི་དྭང་ཟུར་རྒས་གསོའི་མདུན་ཐང་འབྱོར་སྐབས། ཧ་པ་སྤུར་ས་གནས་འགོ་འཛིན་བཀྲིས་བདེ་སྐྱིད་གཙོས་ས་འཐུས་ཚོགས་གཙོ་བཀྲིས་ཆོས་སྒྲོན་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བྱམས་པ་ལགས་བཅས་ལ་བརྒྱུད་སྤྲོད་ཀྱིས་དྭང་ཟུར་རྒས་ཁོག་རྣམས་དང་ཁྱབ་ཁོངས་མི་མང་རྣམས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས།

སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གྱིས་བདེན་པའི་མི་ལྕེ་བསྣམས་པ།སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གྱིས་བདེན་པའི་མི་ལྕེ་བསྣམས་པ།སྤོན་ཌ་གཞིས་འགོ་ནས་ཧར་པ་སྤུར་དུ་བདེན་པའི་མེ་ལྕེ་རྩིས་སྤྲོད་གནང་བཞིན་པ།སྤོན་ཌ་གཞིས་འགོ་ནས་ཧར་པ་སྤུར་དུ་བདེན་པའི་མེ་ལྕེ་རྩིས་སྤྲོད་གནང་བཞིན་པ།

དེ་ཉིན་ཞོགས་པ་ཆུ་ཚོད་ ༩།༣༠ ཐོག་སྐྱ་སེར་ཡོངས་རྫོགས་དྭང་ཟུར་རྒས་གསོའི་ཚོགས་ཁང་དུ་འདུ་འཛོམས་གནང་སྟེ། སྐུུ་མགྲོན་གཙོ་བོ་ Nagar Palika Chairman, Vikas nagar,-Mrs Shanti Juntha, མཆོག་དང་། དམིགས་བསལ་སྐུ་མགྲོན་ Uttarkhand Minority Commission Member, Mr MK Othani, གཞན་སྐུ་མགྲོན་ Mr Chaudhary, Member of ITFS བཅས་དབུ་བཞུགས་ཀྱིས་རྒྱ་བོད་གཉིས་ཀྱི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་བཏུད་མཚོན་ཆེད་ངག་བཅད་སྐར་མ་གཉིས་གནང་བ་དང༌། དེ་རྗེས་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གྱིས་བདེན་པའི་མེ་ལྕེར་མཇལ་དར་བསྒྲོན། ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་སྐོར་ལ་མང་ཚོགས་ལ་བོད་དབྱིན་གཉིས་ཀྱི་ཐོག་གཏམ་བཤད་དང་གསར་འགོད་གསལ་བསྒྲགས་སྒྲོག་སྦྱངས་ཞུས་པ་དང༌། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམས་ཀྱིས་རིམ་པས་བོད་དོན་ལ་རྒྱབ་སྐྱོར་ཡོད་སྐོར་གསུང་བཤད་གནང་ཡོད། དེའི་རྗེས་སྐུ་མགྲོན་རྣམས་ཀྱི་མཚན་རྟགས་བསྡུ་རུབ་ཞུས་པ་དང་སྦྲགས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཧིན་སྐད་ཐོག་གནང་ནས་མཛད་སྒོ་གྲོལ་ཡོད།

རྒྱ་གར་གྲོང་སྡེ་ཧ་རི་སྤུར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།རྒྱ་གར་གྲོང་སྡེ་ཧ་རི་སྤུར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།ཧར་པ་སྤུར་ལ་ཁན་ཝ་ལའི་གཞིསཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།ཧར་པ་སྤུར་ལ་ཁན་ཝ་ལའི་གཞིསཆགས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།

ཆུ་ཚོད་ ༡༠་༣༠ ཐོག་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གྱིས་བདེན་པའི་མི་ལྕེ་བསྣམས་ཏེ་ལ་ཁན་ཝ་ལའི་གཞིས་ཆགས་སུ་གོམ་བགྲོད་ཏོག་ཙམ་གནང་རྗེས་མཐར་ཚོུད་ ༡༡།༠༠ ཐོག་ལ་ཁན་ཝ་ལའི་གཞིསཆགས་ནས་ས་གནས་གཞོན་ནུ་དང་ས་གནས་བེུད་ཀྱིས་སྣེ་འཁྲིད་འོག་དགོན་པའི་སྣུམ་འཁོར་དང་ སྦག་སྦག་ ༡༧ ཙམ་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་འགོ་འཛུགས་ཞུས་ཏེ་དང་ཐོག་ཧ་སྤུར་གཏན་སློབ་ཏུ་བསྐྱོད་པས་ཧ་སྤུར་གཏན་སློབ་ཀྱི་སློབ་ཕྲུག་རྣམས་རུ་བསྟར་ལེགས་བསྒྲིགས་ཀྱིས་ཕེབས་བསུ་ཞུས། དེ་རྗེས་སློབ་ཕྲུག་རྣམ་པ་དང་དགེ་ལས་རྣམས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྱི་དགོས་དམིགས་སོགས་ཀྱི་འགྲེལ་བརྗོད་ཧ་སྤུར་བོད་དགེ་ཐག་གཅོད་ཚེ་རིང་གིས་གནང་བ་དང༌། སློབ་གྲྭའི་སློབ་སྤྱི་མཆོག་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་དང་མཚན་རྟགས་གནང་ཡོད། ཧ་སྤུར་གཏན་སློབ་ནས་ལྦི་ཀསེ་ན་གར་རྒྱ་གར་གྲོང་སྡེ་དང་འདི་གའི་ཁྱབ་ཁོངས་བོད་མི་གནས་སྡོད་ཧ་རི་སྤུར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་མུ་མཐུད་ནས་གནངབ་དང༌། ཧ་རི་སྤུར་དུ་རྒྱ་གར་གྱི་གྲོང་གཙོ་(Pradhan)དང་རྒྱ་གར་ཡུལ་མི་གདན་ཞུས་ཀྱིས་མཚན་རྟགས་བསྡུ་རུབ་ཞུས་པ་དང༌། ཧ་རི་སྤུར་ནས་ཁེ་ར་གཞིས་ཆགས་དང་གོང་དཀར་ཆོས་སྡེ་དགོན་པར་སྐོར་བསྐྱོད་བྱས་ཡོད་ལ་ཁེ་ར་གཞིས་ཆགས་དང་དགོན་པ་གཉིས་ནས་མཉམ་དུ་རྒྱ་གར་ཡུལ་མི་དང་གྲོང་གཙོ་(Pradhan)གདན་ཞུས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཁེ་ར་ས་གནས་དང་དགོན་པར་སྐོར་བསྐྱོད་དང༌། ལས་འགུལ་སྐོར་འགྲེལ་བརྗོད་དང་མཚན་རྟགས་བསྡུ་རུབ་སོགས་གནང་རྗེས་བདེན་པའི་མེ་ལྕེ་ལ་ཁན་ཝ་ལ་དྭང་ཟུར་རྒས་གསོ་ཁང་གི་དགོན་པར་གདན་ཞུས་ཀྱིས་དེ་ཉིན་གྱི་ལས་འགུལ་འཇུག་སྒྲིལ་ཞུས་ཡོད། ཕྱི་ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་སྡེ་ར་ལྡུན་ཁུལ་དུྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་མོ་མཆོག་ཆིབས་བསྒྱུར་བསྐྱངས་སྐབས་དང་འཁེལ་བས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་སྤེལ་མ་ཐུབ་མེད་ཅིང་། ཕྱི་ཚེས་ ༡༦ ཉིན་ཞོགས་པ་ཆུ་ཚོད་ ༨་༠༠ ཐོག་སེ་ལ་ཁུལ་ལག་ཤེས་སློབ་གཉེར་ཁང་ལ་རྩིས་སྤྲོད་ཞུས་པ་དང༌། ཕྱི་ཚེས་ ༡༧ ཉིན་སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭར་རྩིས་སྤྲོད་ཞུ་རྒྱུ་ཡིན་པ་བཅས་ཧ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གནས་ཚུལ་དུ། ཧ་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་གི་ས་གནས་འགོ་འཛིན་བཀྲ་ཤིས་བདེ་སྐྱིད་ནས།

ཧར་པ་སྤུར་གཏན་སློབ་དུ་བདེན་པའི་མེ་ལྕེ་དང་འབྲེལ་བའི་ཚོགས་འདུ་གནང་བཞིན་པ།ཧར་པ་སྤུར་གཏན་སློབ་དུ་བདེན་པའི་མེ་ལྕེ་དང་འབྲེལ་བའི་ཚོགས་འདུ་གནང་བཞིན་པ།སྐུ་མགྲོན་གཙོ་བ་རྣམ་པ་དང་ལྷན་བདེན་པའི་མེ་ལྕེའི་ཐོག་ཚོགས་འདུ་ཚོགས་བཞིན་པ།སྐུ་མགྲོན་གཙོ་བ་རྣམ་པ་དང་ལྷན་བདེན་པའི་མེ་ལྕེའི་ཐོག་ཚོགས་འདུ་ཚོགས་བཞིན་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།