སྤྱི་སྐབས་ ༡༦ པའི་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ།

IMG_0927
བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ་ཚོགས་བཞིན་པའི་སྐབས་སྒྲོན་པའི་སྐུ་པར།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ སྔ་དྲོ་ཆུ་ཚོད་ ༡༡ ཐོག བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ་ཚོགས་ཤིང།

རྒྱུན་ལས་སྐབས་དང་པོར། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོ་སྐྱོང་གནང་ཐོག ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག  སྤྱི་འཐུས་རྒྱ་རིགས་ཐར་མཆོག   སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་བཅས་ཚོགས་བཅར་གནང་ཡོད་ཅིང་།

ཐོག་མར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ་ཡིན་པས་ཚོགས་མི་ཡོངས་ལ་འཚམས་འདྲི་གནང་ཞིང། དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱི་ཕྱག་ལས་ཇི་འདྲ་ཞིག་ཡིན་ནའང་ང་རང་ཚོ་ཚང་མར་འབྲེལ་བ་ཆགས་ཡོད་ཅིང། བོད་སྤྱི་པའི་རྩ་དོན་མི་རིགས་གཅིག་གི་གནད་དོན་ལ་བརྟེན་ཚང་མས་ཀུན་སློང་རྣམ་དག་གིས་ཚོགས་གཙོ་གཉིས་ལ་ནུས་པ་མཉམ་སྤུང་ཡོང་བའི་རེ་བ་ཞུ་རྒྱུ། ཚོགས་གཙོ་གཉིས་དང་རྒྱུན་ལས་རྣམ་པ་ཚང་མ་ཕན་ཚུན་ཡིད་ཆེས་དང། བསམ་བློ་མཐུན་པ་བཅས་དགོས་གལ་ཆེ།ཡང་སྐབས་རེ་ཕན་ཚུན་བསམ་ཚུལ་མི་མཐུན་པ་ཡོང་རྒྱུ་ཡང་སྐབས་དེ་དག་ཏུ་ཚང་མས་དགོངས་པ་གུ་ཡངས་པོ་བཞེས་གལ་བཅས་གསུངས་ཞིང།

ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྤྱི་འཐུས་རྒྱུན་ལས་རྣམ་པ་སྡེ་ཚན་གསུམ་དབྱེ་སྲོལ་བཞིན། ཆབ་སྲིད་སྡེ་ཚན་དང་། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན། རྒྱུན་འབྲེལ་སྡེ་ཚན་བཅས་སུ་ཕྱག་ལས་དབྱེ་བགོས་ཀྱི་མཚན་ཐོ་གཤམ་གསལ་ལྟར་ལས་བགོས་བཀོད་སྒྲིག་གནང་།

       ཆབ་སྲིད་སྡེ་ཚན།

༡༽     སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག

༢༽     སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག

༣༽    སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག

༤༽    སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག

༥༽     སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག

       འཛིན་སྐྱོང་རྟོག་ཞིབ་སྡེ་ཚན།

༡༽     སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག

༢)       སྤྱི་འཐུས་རྒྱ་རིགས་ཐར་མཆོག

       རྒྱུན་འབྲེལ་སྡེ་ཚན།

༡༽     སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག

༢༽     སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་བཅས་ཐུགས་གཏན་འཁེལ་ཡོད། དེ་ནས་གནས་སྙན་ཕུལ་འབྱོར་ཁག་སྙན་སྒྲོན་གྱིས་བཀའ་བསྡུར་དང་འབྲེལ་ཐག་གཅོད་གནང་དགོས་ཁག་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།