སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ཞིག་ཨོ་སི་ཀྲོ་ལི་ཡར་བོད་དོན་ཞུ་གཏུགས་ཆེད་ཕེབས་པ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་དང་། སྤྱི་འཐུས་བསོད་ནམས་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་མཆོག་བཅས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༣ ནས་ ༣༡ བར་དུ་ཨོ་སི་ཀྲོ་ལི་ཡར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། རྒྱ་མི་རིགས། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི། ས་གནས་བོད་མི་སོགས་ལ་མཇལ་འཕྲད་གནང་རྒྱུ་དང་། གཙུག་ལག་སློབ་གྲྭ་ཁག་གཉིས་ལ་བོད་དོན་ཐད་བགྲོ་གླེང་གནང་རྒྱུའི་ལས་རིམ་བཅས་ཡོད།