སྤྱི་ལྷན་ཚོགས་དུས་ ༡༡ པའི་ཉིན་དགུ་པའི་ལས་རིམ།

༄༅། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་གྱི་བསྐྱར་བཅོས་ལས་རིམ་གཤམ་གསལ།

ཕྱི་ལོ་ཟླ་ཚེས་དང༌།
རེས་གཟའ།
ཚོུད། ཨང༌། ལས་རིམ།
༢༠༡༡།༣།༢༣
ལྷག་པ།
ཕྱི་དྲོ། དྲི་བ་དྲིས་ལན་གྱི་དུས་ཚོད་མེད་པ་ཡིན།
༡།༣༠ ཁྲིམས་བཟོའི་ལས་དོན།
ཀ༽  བཙན་བྱོལ་བོད་གཞུང་གི་ལས་ཤག་དང༌། བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས། བརྗོད་པ་དང་པོ་དང༌། གཉིས་པ།  ཡིག་ཆ་ཨང་ ༣༡
ཁྲིམས་འཆར་འདོན་མཁན་ནང་སྲིད་བཀའ་བློན་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག
རྒྱབ་སྐྱོར་གནང་མཁན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག
ཁ༽  བཙན་བྱོལ་བོད་གཞུང་གི་ལས་ཤག་དང༌། བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས། བརྗོད་པ་དང་པོ་དང༌། གཉིས་པ།  ཡིག་ཆ་ཨང་ ༣༢
ཁྲིམས་འཆར་འདོན་མཁན་ནང་སྲིད་བཀའ་བློན་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག
རྒྱབ་སྐྱོར་གནང་མཁན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག
ག༽  བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་བསྐྱར་བཅོས། བརྗོད་པ་གསུམ་པ། ཡིག་ཆ་ཨང་ ༣༣
ང༽  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས། བརྗོད་པ་གསུམ་པ།  ཡིག་ཆ་ཨང་ ༣༤
ཅ༽  བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས།  བརྗོད་པ་གསུམ་པ། ཡིག་ཆ་ཨང་ ༣༥
ཆ༽  ངེས་མེད་ཞལ་འདེབས་འདུ་འགོད་ཀྱི་སྒྲིག་གཞི་ཁྲིམས་འཆར། བརྗོད་པ་གསུམ་པ།  ཡིག་ཆ་ཨང་ ༣༦
༣།༠༠ གསོལ་ཇའི་བར་གསེང༌།
༣།༡༥ གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཡིག་ཆ་ཨང་ ༣༧
གྲོས་འཆར་འདོན་མཁན་སྤྱི་འཐུས་ངག་དབང་ལྷ་མོ་ལགས།
རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས།
དཔལ་འབྱོར་གྱི་ལས་དོན།
བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༠་་༡༡ ལོའི་བསྐྱར་བཅོས་དང༌། བར་བརྒལ་བཀའ་འཁྲོལ་སོང་འཆར་ཁྲིམས་ཡིག་དང༌། རྩིས་ལོ་ ༢༠༡༡་་༡༢ ལོའི་གཏོང་ལེན་ཁྲིམས་ཡིག་གཏན་འབེབས།  ཡིག་ཆ་ཨང་ ༣༨ དང་ ༣༩
སྙན་སྒྲོན་གནང་མཁན་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག
རྒྱབ་སྐྱོར་གནང་མཁན་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་དགོངས་ དོན་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༥ ནང་གསལ་ལས་འཆར་ཚོགས་ཆུང་གི་སྙན་ཐོ།  ཡིག་ཆ་ཨང་ ༤༠
སྙན་སྒྲོན་གནང་མཁན་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག
༥།༠༠ སང་སྔ་དྲོ་ཚོུད་ ༩།༣༠ བར་ཚོགས་གསེང༌།

ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ལ་
ཕུལ།