སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་བསླབ་པ་མཐར་ཕྱིན་གྱི་མཛད་སྒོར་ཕེབས་པ།

 

ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་ཕྱི་དྲོར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་བཅུ་གཉིས་

པའི་བསླབ་པ་མཐར་ཕྱིན་དང་། སྐབས་བཅུ་གསུམ་པའི་སློབ་ཕྲུག་གསར་ཞུགས་ཀྱི་མཛད་སྒོ་དུས་གཅིག་

ཏུ་ཚོགས་ཡོད་པའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གདན་ཞུ་གནང་བ་

ལྟར་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་མཆོག་ཕེབས་ཏེ། ཁོང་གིས་སྐབས་བཅུ་གཉིས་པའི་མཐར་ཕྱིན་

སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་ཏེ། གསུང་བཤད་གནང་དོན། མཐར་ཕྱིན་སློབ་ཕྲུག་ཚོས་རང་གིས་

གང་སྦྱངས་པའི་ཤེས་ཡོན་དེ་དག་སྤྱི་ཚོགས་ཁྲོད་ཕན་ཐོགས་ཡོད་པ་ཞིག་བྱ་རྒྱུ་གལ་ཆེ་ཆགས་ཡོད་སྐོར་

དང་། དེ་བཞིན་གསར་ཞུགས་སློབ་ཕྲུག་ཚོས་བོད་པའི་གནས་སྟངས་ལ་གཞིགས་པའི་སློབ་གཉེར་ཐོག་

དམིགས་བསལ་གྱིས་ཤུགས་སྣོན་རྒྱག་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར། དེ་བཞིན་འབྲེལ་ཡོད་ལས་བྱེད་ཚོས་

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་དག་ལ་དོ་སྣང་གནང་བའི་སྒོ་ནས་ནང་ཁུལ་གྱི་དཀའ་

ངལ་ཆེ་ཕྲའི་རྐྱེན་པས་སེམས་ཤུགས་མ་ཆག་པར་བོད་སྤྱི་དོན་ལ་མུ་མཐུད་ལྷག་བསམ་རྣམ་དག་གི་སྒོ་

ནས་ཞབས་ཞུ་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད་སྐོར་སོགས་གསུང་བཤད་ཟབ་རྒྱས་གནང་ཡོད་པ་རེད།

Last Updated on Tuesday, 02 July 2013 07:16