
༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༠ ནས་ ༢༤ བར་རྒྱ་གར་བྱང་ཤར་ཏེ་ཛུ་དར་རྒྱས་གླིང་དང་། ཀྲུ་ཀྲིང་། མེའོ་ཆོས་འཕེལ་གླིང་། ཨི་ཊཱ་ན་གར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ པའི་ཚེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་ལྡི་ལི་ནས་ལྡེབ་རུ་གྷར་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༢ ནས་ ༡༣ བར་ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༡༤ ཉིན་ཏེ་ཛུ་ནས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༥ ནས་ ༡༦ བར་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༡༧ ཉིན་མེའོ་ཆོས་འཕེལ་གླིང་ནས་ཀྲུ་ཀྲིང་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༨ ནས་ ༢༡ བར་ཀྲུ་ཀྲིང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༢ ཉིན་ཀྲུ་ཀྲིང་ནས་ལྡེབ་རུ་གྷར་གནམ་ཐང་དུ་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༣ ཉིན་ལྡི་ལིར་ཕེབས་འབྱོར་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།