བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཧ་རྱ་ན་མངའ་སྡེའི་སྲིད་སྐྱོང་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

ཧརྱ་ན་མངའ་སྡེའི་སྲིད་སྐྱོང་མཆོག

༄༅། །བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་བྱང་ཕྱོགས་མངའ་སྡེ་པན་ཇབ་དང་ཧ་རྱ་ན་གཉིས་ཀྱི་རྒྱལ་ས་ཅན་རྡི་སྒར་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ ཉིན་པན་ཇབ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་རྰཇི་པལ་སིང་ (Mr Rajpal Singh, General Secretary, Punjab Congress Party) ལགས་དང་། ཧ་རྱ་ན་མངའ་སྡེའི་ཞིང་པའི་བློན་ཆེན་སྐུ་ཞབས་ཨོ་པི་དྷན་ཁྰར་ (Shri. O.P.Dhankhar, Agricultural Minister of Government of Haryana) མཆོག ཧ་རྱ་ན་མངའ་སྡེའི་དཔལ་འབྱོར་བློན་ཆེན་སྐུ་ཞབས་ཀབ་ཊིན་ཨ་བྷེའི་མ་ནུ་ (Captain Abhimanyu,་Finance Minister of Government of Haryana) མཆོག་བཅས་དང་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༡ ཉིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་སྰ་ཏྲི་ཡ་པལ་ཇེན་ (Sh.Satya Pal Jain, 11th  and 12th  Lok Sabha Member and Senior Advocate) མཆོག་དང་། མངའ་སྡེའི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་ཚད་མཉམ་སྐུ་ཞབས་ཨོམ་པྰར་ཀ་ཤི་ (Om Prakash, RSS pracharak) ལགས། པན་ཇབ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་དྷི་ནི་ཤུ་ཀུ་མར་ (Dinish Kumar, Punjab state BJP General Secretary) ལགས།

ཧ་རྱ་ནའི་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ས་ཏྲིའི་ཡ་ཌེབ་ན་ར་ཡན་ཨརྱ་ (Sh. Satyadev  Narayan Arya, Governor of Haryana, and MLA for 8 term (40 years) ) མཆོག ཧ་རྱ་ནའི་མངའ་སྡེའི་སྲིད་སྐྱོང་མཆོག་གི་ངེས་སྟོན་པ་གཞོན་པ་སྐུ་ཞབས་ས་ཏེའི་ཤེ་མེ་རཱ་ (Mr Satish Mehra, Deputy Director of Haryana Governor) མཆོག ཧརྱ་ནའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གསར་འགོད་སློབ་སྟོན་པ་སྐུ་ཞབས་རྰ་ཇེབ་ཇེན་ (Rajiv Jain, Media adviser to Haryana Chief Minister Khattar) མཆོག བྷི་ཇེ་པི་ཧ་རྱ་ན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེའི་ཤམ་བྷར་སིང་ (Mr. Bishamber Singh, Haryana MLA from Bavani Constituency) མཆོག ཧ་རྱ་ན་མངའ་སྡེའི་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱི་ཚོགས་གཙོ་དྷི་ནི་ཤི་ཤ་སི་ཏི་རི་ (Shri. Dinish Shastri, Commissioner, Disabilities, Deptt. of Social Justice & Empowerment, Government of Haryana) མཆོག

ཧརྱ་ནའི་བྷི་ཇེ་པི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སྰར་དྷར་བྷག་ཤིའུ་ཤུ་སིང་ཝིར་ག་ (Mr Sardar Bakhshish Singh Virk, MLA Haryana from Assandh Constituency) མཆོག བྷི་ཇེ་པི་ཅན་རྡི་སྒར་ས་གནས་འགན་འཛིན་སྐུ་ཞབས་ཨ་ནིལ་ (Anil,Chairman of BJP Chandigarh) ལགས། བྷི་ཇེ་པི་གསར་འགོད་ལས་ཁུངས་ཀྱི་ཚོགས་གཙོ་སྐུ་ཞབས་ཝི་རན་དྷར་གྷུ་རག་ (Shri Virender BJP Media Office Incharge) ལགས། བྷི་ཇེ་པི་ཚོགས་མི་རྒན་པ་དང་ཧར་ཀོ་དངུལ་ཁང་འགན་འཛིན་སྐུ་ཞབས་གྷུལ་ཤན་བྷ་ཊི་ཡ་ (Shri Gulshan Bhatia, Chairman of Harco Bank, Haryana) ལགས།

ཧརྱ་ནའི་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་རམ་བྷི་ལ་ས་ཤརྨ་ (Shri.Ram Bilas Sharma,Minister of Education and Languages,Government of Haryana) མཆོག་བཅས་དང་མཇལ་འཕྲད་གནང་སྟེ། ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་ཡིག་ཆ་སོགས་ངོ་སྤྲོད་དེབ་རིགས་ཁག་ཕུལ་གནང་ཡོད་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བདག་གཅེས་ཇི་ལྟར་གནང་ཡོད་པ། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་དཔོན་རིགས་རྣམས་རྡ་ས་བཞུགས་སྒར་དུ་ཕེབས་གནང་ཡོང་རྒྱུའི་རེ་སྐུལ་ཡང་ཞུས་གནང་ཡོད་འདུག་པ་བཅས། །