སྤྱི་འཐུས་རྣམ་པ་མང་ཚོགས་ལ་འཚམས་གཟིགས།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ ནས་ཚེས་ ༡༥ བར་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་རྣམ་གཉིས་རྡ་ས་བཞུགས་སྒར་ཁུལ་དང། གྷོ་པལ་སྤུར། ཅ་མུནཌ། ཏིར་ལོག་སྤུར། པ་ཐན་ཀོཊ། ཅམ་པ། ཌལ་ཧོར་བཅས་དང་།

དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༦ ནས་ཚེས་ ༢༩ བར་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་བཀྲ་ཤིས་ལྗོངས་དང་། སྦིར་ཁུལ་གཞིས་ཁག་གསུམ། སྤོན་ཌོ་བཀྲ་ཤིས་གླིང་། སུན་མཚོ་མན་གསུམ། མ་ནཱ་ལི། ཀུ་ལུ། འབུམ་ཐར་བཅས།

ཡང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༠ ནས་ཚེས་ ༢༥ ནས་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྣམ་གཉིས་ཀ་སྦུག་དང་། སྒང་ཏོག རང་དབང་ལ་བཅས་གནས་བཞུགས་བོད་མི་རྣམས་ལ་འཚམས་གཟིགས་སུ་ཕེབས་རྒྱུར་ཐུགས་གཏན་འཁེལ་ཡོད་པའི་གནས་ཚུལ་དུ།