སྤྱི་འཐུས་རྣམ་གཉིས་ཀྱིས་དྷི་ལིར་ཆུ་ལོག་གི་གནོད་སྐྱོན་ཕོག་སར་གཟིགས་རྟོག་ལ་ཕེབས་པ།

 

ཟླ་འདི་ཕྱི་ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་མཆོག་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་རྣམ་གཉིས་ཀྱིས་དྷི་ལིའི་བོད་མིའི་ས་གནས་འགོ་འཛིན་དང་། བརྒྱ་འཐུས་རྣམ་པར་ཐུག་ཕྲད་ཀྱིས་ཆུ་ལོག་གི་དཀའ་ངལ་བྱུང་སྟངས་དང་། དེ་དག་ལ་གདོང་ལེན་བྱེད་ཕྱོགས། གནོད་སྐྱོན་ཕོག་ཡུལ་བོད་མིར་རོགས་རམ་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་བ་དང་། དེ་རྗེས་དེར་ཡོད་བསམ་ཡས་གཞིས་ཆགས་ཀྱི་བོད་མིའི་སྡོད་གནས་ཁག་དང་། དེ་བཞིན་བོད་མིའི་ཁྲོམ་ས་ལ་དྭགས་བྷོདི་ཝིཧར་བཅས་སུ་ཆུ་ལོག་གི་གནོད་སྐྱོན་ཕོག་པའི་ས་གནས་ཁག་ལ་གཟིགས་རྟོག་གནང་བར་ཕེབས་ཡོད་པ་རེད།