སྤྱི་འཐུས་རྒྱུན་ལས་ཀྱིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུས་པ།

 

ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷ་ར་སིང་མཆོག་ལ་འཚམས་འདྲི་ཞུ་བཞིན་པ།ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷ་ར་སིང་མཆོག་ལ་འཚམས་འདྲི་ཞུ་བཞིན་པ།

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ སྟེ་ཧི་མ་ཅཱལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་རྡ་རམ་ས་ལའི་ཉེ་འཁྲིས་གྲོས་ཚོགས་ཚོགས་ཁང་ནང་འཚོགས་བཞིན་པའི་ཉིན་གཉིས་པར་ཉེ་སྔོན་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷ་ར་སིང་མཆོག་ལ་འཚམས་འདྲི་ཞུ་ཆེད་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱི་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་བཅས་རྡ་སའི་རྫོང་དཔོན་ལས་ཁུངས་ཀྱི་དམིགས་བསལ་མཇལ་འཕྲད་ཁང་ཞིག་ཏུ་ཆེད་བཅར་ཞུས་ཡོད་པ་རེད། ཕྱེད་ཡོལ་ཚོུད་ ༤ པ་ཡོལ་ཙམ་ལ་མངའ་བློན་མཆོག་མཇལ་བཅར་གྱིས་ད་ལམ་ཁོང་དང་ཁོང་གི་ཚོགས་པར་འོས་བསྡུའི་རྒྱལ་ཁ་རླབས་ཆེན་འཐོབ་པར་དགའ་བསུའི་འཚམས་འདྲི་དང་། ཧི་མ་ཅཱལ་མངའ་སྡེ་འདི་བཞིན་ཁྱེད་དང་ཁྱེད་ཀྱི་ཚོགས་པའི་དབུ་འཁྲིད་འོག་ཡར་རྒྱས་གོང་འཕེལ་ཆེད་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་ཞུས་ཡོད་ཅིང། དེ་དང་ཆབས་ཅིག་བློན་ཆེན་མཆོག་གིས་བོད་དོན་ཐོག་རྟག་ཏུ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་གི་ཡོད་པ་དང། ལྷག་པར་ཧི་མ་ཅཱལ་མངའ་སྡེ་འདི་བཞིན་བཙན་བྱོལ་བོད་མི་མི་ཉུང་བའི་གནས་ཡུལ་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཤིན་ཏུ་གལ་ཆེར་བརྟེན་མངའ་བློན་མཆོག་དང་ཁོང་གི་གཞུང་གི་ངོས་ནས་ད་ཕན་གང་ཅིའི་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ད་དུང་ཡང་སྔར་བཞིན་མཐུན་འགྱུར་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང། ལྷག་པར་རྒྱ་ནག་གཞུང་གིས་དུས་ད་ལྟའང་བོད་དོན་ཐོག་བསམ་ཤེས་མི་བྱེད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་རྣམས་བཟོད་གླགས་ཡོངས་སུ་བྲལ་ཏེ་རང་ལུས་མེར་བསྲེགས་ཀྱི་སྲོག་སྦྱིན་ལམ་ནས་ཞུ་རྩོད་བྱ་དགོས་ཀྱི་ཤིན་ཏུ་ཛ་དྲག་པའི་གནས་སྟངས་སུ་གྱར་ཡོད་པས་ཧི་མ་ཅཱལ་མངའ་སྡེའི་གཞུང་དང་གྲོས་ཚོགས་བཅས་ཀྱིས་བོད་དོན་ཐོག་བདེན་རྒྱབ་ཡོང་བའི་ཞུ་སྐུལ་བཅས་གནང་བར། མངའ་སྡེའི་བློན་ཆེན་མཆོག་གིས་ཞལ་བཞེས་གནང་ཞིང། ལྷག་པར་བོད་མིའི་རང་དབང་བདེན་པའི་འཐབ་རྩོད་ལ་སྨན་པའི་རྒྱབ་སྐྱོར་གནང་སྒོ་ཅི་མཆིས་གནང་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་གནང།

ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷ་ར་སིང་མཆོག་དང་སྤྱི་འཐུས་རྣམ་པ།ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷ་ར་སིང་མཆོག་དང་སྤྱི་འཐུས་རྣམ་པ།ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷ་ར་སིང་མཆོག་དང་སྤྱི་འཐུས་རྣམ་པ།ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷ་ར་སིང་མཆོག་དང་སྤྱི་འཐུས་རྣམ་པ།

ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་ལྡི་ལིར་གཞི་རྒྱ་ཆེ་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་འཆར་གྱི་གྲ་སྒྲིག་ཆེད་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་སྐབས་འཁེལ་ལ་བརྟེན་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་ནང་གི་གོང་གསལ་སྤྱི་འཐུས་རྣམ་པ་གསུམ་འཚམས་ཞུར་བཅར་བ་བཞིན་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་མཚམས་ཞུ་དང་ཞུ་སྐུལ་གྱི་མགྲིན་ཚབ་པ་གནང་ཡོད་པ་དང། ཕྱག་རོགས་སུ་ཚོགས་དྲུང་སྟོབས་རྒྱལ་ལགས་དང། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཆོས་སྒྲོན་ལགས་གཉིས་བཅར་ཡོད་པ་རེད།།