སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་ཁག་གསུམ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

སྤྱི་འཐུས་རྒྱ་རིགས་ཐར་ལགས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་རྒྱ་རིགས་ཐར་ལགས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ལྟར། ཕྱི་ལོ་ ༢༠༡༢ ཟླ ༡༠ ཚེས་ ༢༥ ཉིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་བཞུགས་སྒར་རྡ་ས་ནས་ཐོན་ཏེ། ལྡི་ལི་དོན་ཁང་དུ་འབྱོར་རྗེས་དོན་ཁང་གི་དབུ་ལས་རྣམ་པ་བརྒྱུད་ཕྱོགས་བསྐྱོད་དང་འབྲེལ་བའི་མཐའ་ཁུལ་དུ་འགྲུལ་བསྐྱོད་ཆོག་པའི་ཆོག་མཆན་ཡིག་ཆ་(Inner Line permit)བླངས་ནས་ཕྱོགས་ཐོན་གནང་སྟེ་ས་གནས་སུ་འབྱོར་རྗེས། ས་ཁག་གསུམ་གྱི་འགོ་འཛིན་དང་འབྲེལ་ཡོད་ལས་བྱེད་པའི་མཐུན་འགྱུར་འོག ཐེངས་འདིའི་ས་བགོས་ཕྱོགས་བསྐྱོད་གཞིས་ཆགས་ཁག་གཉིས་དང་ས་གནས་གཅིག་བཅས་སུ་རྟོག་ཞིབ་དང་ལམ་སྟོན། དཀའ་སེལ་མཇུག་སྐྱོང་དགོས་རིགས་སོགས་གནད་དུ་བཟུང་ནས་སྐོར་བསྐྱོད་གནང་ཡོད།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།

དེ་ཡང་ས་གནས་དེ་དག་ནི་རྟ་མཆོག་ཁ་འབབ་བརྒྱུད་ཀྱི་བོད་ལྷོ་མོན་གྱི་མཐའ་མཚམས་ཏེ་བོད་ས་མ་ཤོར་གོང་ནས་གཞིས་བཟུང་གིས་གཏན་ཆགས་སུ་གནས་པའི་དགེ་གླིང་གྲོང་ཚོ་དང་། ནོར་བུ་གླིང་། བྷེ་ཤིང་། ཉེ་རིང་། བྷོ་ན། ཀོ་པོ། པ་ཡེང་ལྡེམ། སྙི་ཁང་། ཡོ་སྡོང་། མང་ཀོ་ཊ། བཀྲ་ཤིས་སྒང་། ཡ་མོ་གླིང་། ཤེས་མོ་གླིང་། ཀྲུའུ་ཀྲིང་ཉེ་འདབས་ཁུལ་གྱི་གྲོང་སྡེ་ཁག་རྣམས་དང་། ཉེ་བའི་ལོ་ཤས་ནང་གསར་བཞེངས་གནང་འདུག་པའི་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་བཅས་དང་། དེ་བཞིན་རྫ་ཡུལ་གཙང་པོའི་འབབ་རྒྱུད་བོད་དང་འབར་མའི་མཐའ་མཚམས་ལ་ཉེ་བའི་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་དང་། མེའོ་ཆོས་འཕེལ་གླིང་གཞིས་ཆགས་བཅས་ས་ཁག་གསུམ་གྱི་གྲོང་སྡེ་ཆེ་ཆུང་ཉེར་བདུན་གྱི་ས་གནས་འཐུས་ཚོགས་ཚོགས་གཙོས་དབུས་འཐུས་མི་རྣམས་དང། ས་གནས་གཞིས་འགོ་རྣམ་པས་གཙོས་དྲུང་ལས་ལས་བྱེད་རྣམས། དེ་བཞིན་སྤྱི་མི་བརྒྱ་དཔོན་དང་། གཞིས་མཉམ་གཉིས་ཀྱི་སྡེ་ཚན་འགན་འཛིན།  འབྲེལ་མཐུད་པ། ས་གནས་བུད་མེད་། ས་གནས་གཞོན་ནུ། ས་གནས་དབུ་མའི་ལམ་ལས་འགུལ་ཁང་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ལ་བཞུགས་མོལ་ཚོགས་འདུ་དང་། ས་ཁག་གསུམ་སོ་སོར་མི་མང་ཚོགས་ཆེན་བསྡུ་སྐོང་ཐོག་སྤྱི་འཐུས་རྣམ་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་དང་། ཡུལ་མི་དང་མཐུན་ལམ་བསྐྲུན་ཐབས། གྲོས་ཚོགས་ཚོགས་དུས་བཞི་བའི་སྐབས་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་སྐོར། ༸གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་འཚམས་སྤྲོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། རྩ་དོན་འཐབ་རྩོད་ཐོག་མཐུན་སྒྲིལ་མཉམ་གནས་བྱེད་དགོས་ཚུལ། གྲོང་སྡེ་ཁག་གི་ཁོར་ཡུག་གཙང་བཟོ་དང་། ས་ཞིང་བདག་དོམ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་ལ།  མི་མང་གི་བསམ་ཚུལ་དང་དོགས་འདྲི་བྱུང་ཁག་ལ་ལན་འདེབས་སོགས་གནང་ཡོད། གཞན་ཡང་་དགོན་སྡེ་དང་ཆོས་ཁང་། སློབ་གྲྭ། བུ་བཅོལ་ཁང་། རྒས་གསོ་ཁང་། ལས་ཞོར་སློབ་གྲྭ བཟོ་གྲྭ ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་སྨན་རྩིས་ཁང་ཡན་ལག ཉམ་ཐག་ཁྱིམ་ཚང་སོགས་གྲོང་སྡེ་སོ་སོའི་གནས་སྟངས་སྤྱི་དང་མཐའ་སྐོར་གྱི་ཁོར་ཡུག ལམ་ཁ། ཟམ་པ། ཞིང་ཁ་བཅས་ཀྱིས་མཚོན་པའི་སྤྱི་ཡོངས་ཀྱི་གནས་སྟངས་རྒྱུས་ལོན་རྟོག་ཞིབ་གནང་ཡོད་ལ། ས་གནས་མི་མང་ནས་བདེ་སྡུག་དཀའ་སེལ་ཞུས་རིགས་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་གནང་སྟེ།  སྤྱི་འཐུས་རྒྱུན་ལས་སུ་སྙན་སེང་དང་སྦྲགས་དཀའ་སེལ་མཇུག་སྐྱོང་དགོས་རིགས་རྣམས་འབྲེལ་ཡོད་ལྷན་ཁང་སོ་སོར་འབུལ་ལམ་ཞུ་རྒྱུ་ཡིན་པ་དང། ཁྱད་པར་དུ་ས་ཞིང་བདག་དོམ་ཐད་ལྕགས་རི་ལས་ཀྱང་ཕན་འབྲས་ཆེ་བ་འབྲུ་རིགས་དང་སྔོ་ཚོད་སོགས་ཀྱིས་མཚོན་པའི་ཞིང་ཁ་འདེབས་ལས་བྱེད་རྒྱུ་དང་། མ་མཐའ་ཡང་ཡུལ་མི་དང་འབྲེལ་མཚམས་སུ་ཞིང་ཁ་འདེབས་ལས་བྱེད་རྒྱུ། དེ་བཞིན་དུ་གཞིས་མཉམ་གཉིས་ཀྱིས་མཚོན་པའི་སྤྱི་སྒེར་ལས་ཁུངས་ཁག་གི་སྒོ་བྱང་དབྱིན་ཡིག་གཅིག་པུ་མ་ཡིན་པར་ངེས་པར་དུ་བོད་ཡིག་ཐོག་འབྲི་དགོས་རྒྱུ་དང་། མེའོ་ཆོས་འཕེལ་གླིང་གི་གྲོང་དབུས་ཟམ་པ་གཅིག་ཞིག་ཉེན་ཡོད་པ་གཞིས་མཉམ་གཉིས་ནས་ཁུར་མཉམ་ལེན་གྱིས་སྔོན་འགོག་དགོས་རྒྱུ། གྲོང་སྡེ་ཁག་གི་སྲང་ལམ་དང་གཞིས་གྲོང་སྤྱིའི་ཁོར་ཡུག་བདུན་རེར་དུས་ཚོད་རྒྱས་བཅད་ཀྱིས་གཙང་བཟོ་བྱེད་རྒྱུ་སོགས་དོན་དག་ཁག་ཅིག་ལ་དཀའ་སེལ་ཐག་གཅོད་དང་ལམ་སྟོན་ཡང་གནང་ཡོད་པ་རེད།།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་རྒྱ་རིགས་ཐར་ལགས་གཉིས་གཞུང་འབྲེལ་ཕྱོགས་ཕེབས་སྐབས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏི་ཛུ་དར་རྒྱས་གླིང་གཞིས་ཆགས། ཀྲུའུ་ཀྲིང་ས་གནས་བཅས་སུ།