སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བྱང་ཨ་རིར་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།

new york 5དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཆོག་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་ཕེབས་ཐོན་གྱི་ཏྲེ་ནེའི་སི་Tennessee མངའ་སྡེར་Memphis པདྨ་དཀར་པོའི་ཆོས་ཚོགས་ཀྱི་མགྲོན་འབེབས་བྱུང་དོན་བཞིན་ཚེས་ ༢༠ ཉིན་ཕེབས་འབྱོར་གྱིས་ཉིན་གསུམ་རིང་ཆོས་ཚོགས་ཀྱི་མཛད་སྒོ་དང་། ཟུར་དུ་མཛད་འཆར་རིགས་གཅིག་དང་སློབ་ཕྲུག་རྣམས་ལ་ནང་ཆོས་དང་། བོད་དོན་སྐོར་བཅས་ལ་དྲི་བ་དྲི་ལན་གྱིས་སློབ་ཕྲུག་རྣམས་ཡིད་དབང་མགུ་བར་བྱུང་ཡོད། ཚེས་ ༢༦ ཉིན་ནིའུ་ཨོར་ལན་ New Orleans དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གནང་མཁན་རིགས་གཅིག་ནས་མགྲོན་འབོད་གནང་དོན་བཞིན་ཕེབས་འབྱོར་གྱིས་ཉིན་གསུམ་རིང་དགེ་རྒན་ཟུར་པ་རིགས་གཅིག་དང་། ནང་ཆོས་དོན་གཉེར་ཅན་ཁག་གཅིག་དེ་བཞིན་བོད་དོན་ལ་ཐུགས་སྣང་གནང་མཁན་ཁག་གཅིག་སོ་སོར་ཐུག་འཕྲད་ཀྱིས་༸གོང་ས་མཆོག་གིས་མཛད་འཕྲིན་དང་། དེ་བཞིན་ནང་ཆོས་སྐོར། བོད་ནང་གི་གནས་སྟངས་སྐོར། བོད་མིང་མང་སྤྱི་འཐུས་ལྷན་ཚོགས་སྐོར་བཅས་ངོ་སྤྲོད་གནང་ཡོད། ཚེས་ ༣༠ ཉིན་ནིའུ་ཡོག་ New York ཏུ་ཕེབས་འབྱོར་གྱིས་ཉིན་གསུམ་རིང་དེར་བོད་མི་རྣམས་ལ་གསུང་བཤད་དང་། དེ་བཞིན་རེས་གཟའ་ཉི་མའི་སློབ་གྲྭར་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཕྲུག་བཅས་ལ་གསུང་བཤད་དང་དྲི་བར་ལན་འདེབས། དེ་རྗེས་ཆོས་ཚོགས་དང་། བོད་ཀྱི་ཐེབས་རྩ་ཁང་། ནིའུ་ཡོག་གྲོང་ཁྱེར་ཚོགས་ཁང་ New York City hall བཅས་སུ་འཚམས་འདྲི་གཟིགས་སྐོར་བཅས་ཞུས་པ་དང་། བོད་ཟླ་ ༡༡ པའི་ཚེས་ ༣ ཉིན་ནིའུ་ཡོག་ནས་ཕེབས་ཐོན་གྱིས་ཚེས་ ༤ ཉིན་ལྡི་ལིར་དང་། ཚེས་ ༦ ལ་རྡ་སར་ཕེབས་འབྱོར་བྱུང་བ་བཅས་ཀྱི་གནས་བསྡུས་སུ།།