སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་སོ་སོར་གཞུང་དོན་ཕྱོགས་བསྐྱོད།

འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་གདན་ཞུས་ལྟར་ཕྱི་ཟླ་ ༡༢ ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་རྡོར་གདན་དུ་ཇོ་ནང་པའི་ལོ་འཁོར་ཚོགས་ཆེན་འཚོགས་འཆར་གྱི་དབུ་འབྱེད་མཛད་སྒོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཚེས་ ༢༢ ཉིན་གྱི་དགོང་དྲོ་བཞུགས་སྒར་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་།

སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་རྒོད་ཚང་སྲས་དོན་ཡོད་དམ་པ་གང་དེའི་གཤིན་འཇུག་ཆེད་སྤྱི་ལྷན་གྱི་སྐུ་ཚབ་ཏུ་གོང་ཚེས་ཞོགས་པར་སྦིར་གཞིས་ཆགས་སུ་ཆེད་ཕེབས་གནང་ཡོད་པ་རེད། །