སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་རྣམ་གཉིས་སྤྱི་འཐུས་ས་བགོས་ལྟར་བོད་མིའི་གནས་ཡུལ་ཁག་གཅིག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་རྣམ་གཉིས་སྤྱི་འཐུས་ས་བགོས་ལྟར་བོད་མིའི་གནས་ཡུལ་ཁག་གཅིག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

tsephunkyi

བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༢ ནས་ཟླ་ ༡༢ ཚེས་ ༡༨ བར་འབྲུག་ཡུལ་དང་། སྒོ་ཧ་ཊི། བསྟན་འཛིན་སྒང་། འབུམ་སྡེ་ལ། དེ་བཞིན་ཉེ་འཁོར་ཁ་ཐོར་ས་གནས་རུ་པ་དང་། སྒར་འཆམ། རྡི་རང་། མོན་རྟ་དབང་། རྡི་མ་སྤུར། ཀོ་ཧི་མ། ཤི་ལོང་བཅས་སུ་གཞུང་འབྲེལ་ཆེད་ཕེབས་ཀྱིས་ཆབ་སྲིད་སློབ་གསོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས། དེ་བཞིན་བོད་ནང་ཛ་དྲག་གནས་སྟངས་ཀྱི་སྐོར་ངོ་སྤྲོད་དང། དེའི་ཐོག་ས་གནས་སོ་སོའི་སྒྲིག་འཛུགས་དང་། མང་ཚོགས་ཀྱི་དཀའ་ངལ་དང་གནས་སྟངས་མཁྱེན་རྟོགས་རྒྱུས་ལོན་བཅས་གནང་སྟེ་ངལ་སེལ་སོགས་མཇུག་སྐྱོང་གནང་དགོས་ཆེད་ཞིབ་ཕྲའི་ལས་བསྡོམས་སྤྱི་འཐུས་རྒྱུན་ལས་སུ་འབུལ་ལམ་ཞུས་ཡོད་པ་རེད།།