སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་ཁྱབ་ཁོངས་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས་ཁྱབ་ཁོངས་དང་བཅས་པར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༨ ནས་ཕྱི་ཟླ་ ༡༢ ཚེས་ ༡༣ བར་རྒྱ་གར་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་དང་། ཁྱབ་ཁོངས་སུད་ཚོང་ས་གནས་ཁག དེ་བཞིན་མན་སྤར་ཕན་བདེ་གླིང་གཞིས་ཆགས་ཁྱབ་ཁོངས་དང་བཅས་པར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དེ་རིང་ལྡི་ལི་ནས་ནག་པུར་དུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༢༩ ཉིན་སྔ་དྲོ་ས་གནས་སུ་ལས་རིམ་དང་། ཉིན་རྒྱབ་ཅན་དན་པུར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡ བར་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༢ ཉིན་ཁྱབ་ཁོངས་ས་གནས་ཁག་ཅིག་ལ་ལས་རིམ། ཕྱི་ཚེས་ ༤ ནས་ ༥ བར་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་ལས་རིམ།  ཕྱི་ཚེས་ ༦ ནས་ ༡༢ བར་མན་སྤར་གཞིས་ཆགས་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༡༣ ཉིན་ཨིན་རྡོར་ནས་སྦེང་ལོར་བརྒྱུད་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །