སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་འཚམས་གཟིགས་སུ་ཕེབས་འཆར།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པ་བོད་མིའི་གནས་ཡུལ་ཁག་ཏུ་འཚམས་གཟིགས་སུ་རིམ་ཕེབས་གནང་བཞིན་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ ནས། ཕྱི་ཟླ་ ༩ ཚེས་ ༣ བར་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་མ་ལག་དང་། མཉམ་འབྲེལ། སློབ་གྲྭ འཕྲོད་བསྟེན་སྡེ་ཚན་བཅས་ཀྱི་བོད་མི་གནས་ཡུལ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་དུ།