སྤྱི་འཐུས་མཁན་པོ་ཀཿ་བྲག་དངོས་གྲུབ་བསོད་ནམས་མཆོག་ཡུ་པེ་མངའ་སྡེའི་ཁྱབ་ཁོངས་ཀྱི་བོད་མི་གནས་ཡུལ་ཁག་ལ་འཚམས་གཟིགས་ཕེབས་པ།

ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་རྡོ་རྗེ་གདན། ཝ་ར་ནཱ་སི། ཨོ་རི་ས་བཅས་ཀྱི་ཁྱབ་ཁོངས་ས་གནས་ཁག་དང་། རྒས་གསོ་ཁང་། མཉམ་འབྲེལ་སྡེ་ཚན། ཝཱ་ན་མཐོ་སློབ། དགོན་སྡེ་ཁག་དང་། གཞིས་ཆགས་སློབ་གྲྭ

ས་གནས་སྨན་ཁང་བཅས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག

འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་བཅས་གནང་ཡོད་པ་དང་། ཐེེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཁན་པོ་ཀཿ་བྲག་དངོས་གྲུབ་བསོད་ནམས་མཆོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་སོགས་ལ་གསུང་བཤད་གནང་འདུག